ཐེ་རོན་ཕུས་ཏ་ཝོ་སིའི་འགྲུལ་བཞུད་མེད་པར་བཏང་བ་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༠ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས། རྒྱལ་ཚོགས་ཀྱི་དམངས་གཙོ་ཏང་མིས་མཐའ་མཚམས་ཀྱི་བདེ་འཇགས་གནད་དོན་ཐད་དུ་མཐུན་ཐབས་མི་བྱེད་པ་དང་ཨ་རིར་མཚོན་ན་བདེ་འཇགས་ཀྱི་ཚད་མཐོའི་གལ་ཆེན་རང་བཞིན་ལ་དམིགས་ནས། ཁོང་གིས་སྔོན་གཏན་འཁེལ་བྱས་པའི་སུའི་ཙེར་ཏ་ཝོ་སི་ལ་སྐྱོད་ནས་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་ནང་ཞུགས་རྒྱུའི་ལས་རིམ་མེད་པར་གཏོང་རྒྱུ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

སྤྱི་ལོ་༢༠༡༩ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ལོ་ཚོགས་སྤྱི་ཟླ་༡པོའི་ཚེས་༢༢ཉིན་ནས་ཚེས་༢༥ཉིན་བར་སུའི་ཙེར་ཏ་ཝོ་སིར་འཚོག་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།