བྱང་ཁོ་རེ་ཡའི་སྨྱན་སྦྱོར་ལས་ཁུངས་ཀྱིས་ཅིན་ཀྲེང་ཨེན་གྱིས་ཀྲུང་གོར་འཚམས་འདྲི་ཞུས་པར་ཚད་མཐོའི་གདེངས་གནང་བ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༠ཉིན་བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་མི་སྣ་ཅིན་ཀྲེང་ཨེན་གྱིས་ཀྲུང་གོར་འཚམས་འདྲི་ཞུ་བའི་སྐོར་གྱི་གནས་ཚུལ་སྤེལ་སྐབས། དེ་ཐེངས་ཀྱི་འཚམས་འདྲི་ཞུ་བར་ཚད་མཐོའི་གདེངས་འཇོག་བྱས་པ་དང་། འདི་ནི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་མཐུན་སྒྲིལ་ལོ་རྒྱུས་ཐོག་གི་དོན་ཆེན་གཞན་ཞིག་ཀྱང་ཡིན་པ་དང་། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཞི་བདེ་བརྟན་ལྷིང་སོགས་ལ་སྲུང་སྐྱོང་བྱེད་པའི་ཐད་ལ་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས་ཡོད་པ་རེད།

བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་ཉིན་དེར་ཅིན་ཀྲེང་ཨེན་གྱིས་ཀྲུང་གོར་འཚམས་འདྲི་ཞུ་བའི་བརྒྱུད་རིམ་ཐད་ལ་ཞིབ་ཕྲའི་གནས་ཚུལ་སྤེལ་བ་མ་ཟད། གནས་འཕྲིན་སྤེལ་བའི་མཇུག་ཏུ་བྱང་ཁོ་རེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱས་པའི་འོག ལོ་གསར་པ་ཤར་མ་ཐག་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་བློ་མཐུན་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འཚམས་འདྲི་ཞུས་པ་དེ་ནི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་ཏང་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་བར་གྱི་མཛའ་གྲོགས་མཐུན་སྒྲིལ་ལོ་རྒྱུས་ཐོག་ཏུ་གླེང་རིན་དང་འགོད་རིན་ཡོད་པའི་དོན་དག་གལ་ཆེན་གཞན་ཞིག་ཀྱང་ཡིན་པ་དང་། བྱང་ཁོ་རེ་ཡ་དང་ཀྲུང་གོའི་ཆེས་མཐོའི་འགོ་ཁྲིད་བང་རིམ་ཀྱི་འཐབ་ཇུས་སྦྲེལ་མཐུད་སྔར་བས་ཇེ་དྲག་ཏུ་གཏོང་བ་དང་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་ལ་དོན་སྙིང་གལ་ཆེན་ལྡན་པའི་ལོ་རྒྱུས་ཀྱི་གོ་སྐབས་ཤིག་ཡིན་ཞེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།