ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་བསྐོས་ཕོ་ཉ་ཧན་ཁྲང་ཧྥུའུ་ཝེ་ནེ་ཙུའེ་ལའི་ཙུང་ཐུང་གིས་འགན་གནས་བཞེས་པའི་མཛད་སྒོར་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་དང་པོའི་ཚེས་༡༠ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་བསྐོས་ཕོ་ཉ། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་ཝེ་ནེ་ཙུའེ་ལའི་རྒྱལ་ས་ཁ་ར་ཁ་སིར་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མ་ཏུའུ་ལུའོ་ཡིས་འགན་གནས་བསྟུད་འཛིན་གནང་བའི་མཛད་སྒོར་ཞུགས་པ་མ་ཟད། སྤྱི་ཚེས་༨ཉིན་མ་ཏུའུ་ལུའོ་དང་མཇལ་མོལ་གནང་བ་རེད།

མ་ཏུའུ་ལུའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཆེད་བསྐོས་ཕོ་ཉ་རང་ཉིད་ཀྱི་འགན་གནས་འཁུར་བའི་མཛད་སྒོར་ཞུགས་སུ་མངགས་གཏོང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཧན་ཁྲང་ཧྥུའུ་ནས་ཁོང་རང་ཉིད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞུས་པ་རེད།

མ་ཏུའུ་ལུའོ་ཡིས། ཝེ་ནེ་ཙུའེ་ལའི་སྲིད་གཞུང་དང་མི་དམངས་ནས་ཀྲུང་གོའི་བར་གྱི་མཛའ་གྲོགས་བརྩེ་སེམས་ལ་བརྩི་མཐོང་ཆེན་པོ་བྱེད་བཞིན་པ་དང་། ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠སོང་རིང་འཐོབ་པའི་གོང་འཕེལ་གྱི་གྲུབ་འབྲས་ལ་དགའ་མགུ་ཡིད་རང་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱི་མཐོ་རིམ་བར་དང་སྤེལ་རེས་རྒྱུན་འཁྱོངས་བྱེད་རྒྱུ་དང་། རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་བྱེད་རྒྱུ། ཞིང་ལས་སོགས་ཁྱབ་ཁོངས་ཁག་གི་དངོས་དོན་མཉམ་ལས་ལ་སྐུལ་འདེད་བཏང་ཐོག ཝེ་ནེ་ཙུའེ་ལ་དང་ཀྲུང་གོའི་བར་གྱི་འབྲེལ་བའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་འདོད་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།