ཝེན་ཙའེ་ཡུན་གྱིས་ཀྲུང་གོས་ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་གྱི་འཕེལ་རིམ་ཁྲོད་ནུས་པ་གལ་ཆེན་ཐོན་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝེན་ཙའེ་ཡུན་གྱིས་སྤྱི་ཚེས་༡༠ཉིན་ཙུང་ཐུང་ལས་ཤག་ཆིང་ཝེ་ཐེ་རུ། ཀྲུང་གོས་ཕྱེད་གླིང་ཕྲན་ལྷོ་བྱང་གཉིས་ཀྱི་འབྲེལ་བ་ལེགས་བཅོས་གཏོང་རོགས་དང་། ཕྱེད་གླིང་ཕྲན་རྡུང་ཉིང་མེད་པ་ཅན་དང་ཞི་བདེ་བརྟན་ལྷིང་མངོན་རྒྱུར་ཡོང་རོགས་བྱ་རྒྱུའི་ཐད་སྔ་བར་ཕྱི་གསུམ་དུ་དགེ་མཚན་ལྡན་ཞིང་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད་ཅེས་བསྟན་འདུག

ཝེན་ཙའེ་ཡུན་གྱིས་ཉིན་དེར་ཆིང་ཝ་ཐེ་རུ་གཉེར་བའི་ལོ་གསར་པའི་གསར་འགོད་པའི་ཚོགས་འདུའི་སྟེང་། བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་པའི་ཐུགས་འཕྲད་ཐེངས་གཉིས་པ་ཉེ་དུས་བྱེད་གྲབས་ཡོད་པར་རེ་སྒུག་ཞུ་བཞིན་ཡོད་པ་དང་། བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་པ་ཅིང་ཀྲེན་ཨེན་གྱིས་བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་པའི་ཐུགས་འཕྲད་མཇུག་སྒྲིལ་རྗེས་ཧྲོའོ་ཨར་རུ་འཚམས་འདྲིར་ཕེབས་རྒྱུར་རེ་སྒུག་ཞུ་བཞིན་ཡོད་ཅེས་བསྟན་འདུག

ཝེན་ཙའེ་ཡུན་གྱིས་བྱང་ཁོ་རེ་ཡ་དང་ཨ་རི་ཕྱོགས་གཉིས་པོས་རྡུལ་ཉིང་མེད་པ་ཅན་གྱི་གླེང་མོལ་ཁྲོད་དེ་ལ་དེ་བསྟུན་གྱི་བྱ་ཐབས་བཟུང་དགོས་པའི་རེ་འབོད་བྱས་ཡོད། ཁོང་གིས། བྱང་ཁོ་རེ་ཡས་རྡུལ་ཉིང་མེད་པ་ཅན་གྱི་བྱ་ཐབས་ངོ་མ་སྔར་བས་མང་བ་བཏོན་དགོས་པ་དང་། བྱང་ཁོ་རེ་ཡར་བཟུང་བའི་དེ་བསྟུན་གྱི་བྱ་ཐབས་ལ་བསམ་བློ་བཏང་ནས་རྡུལ་ཉིང་མེད་པ་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་པ་དང་། ཁོང་གིས། ཕན་ཚུན་ཡིད་ཆེས་མེད་པ་དེ་མིག་སྔར་བྱང་ཁོ་རེ་ཡ་དང་ཨ་རིའི་རྡུལ་ཉིང་མེད་པ་ཅན་གྱི་གླེང་མོལ་ལ་འཕྲད་པའི་དཀའ་གནད་གཙོ་བོ་ཡིན་པའི་ངོས་འཛིན་གནང་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།