ཡོ་རོབ་མནའ་འབྲེལ་གྱིས་དབྱི་རན་ལ་བཀག་སྡོམ་བྱེད་རྒྱུ་ཡིན་པར་ཁྱབ་བསྒྲགས་བྱས་པ་དང་དབྱི་རན་གྱིས་བྱེད་ཐབས་སྤྱད་དེ་ལན་ཆ་སློག་རྒྱུ་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན། ཡོ་རོབ་མནའ་འབྲེལ་གྱིས་དབྱི་རན་གྱི་གསང་འཕྲིན་སྡེ་ཁག་ཅིག་དང་མི་གཉིས་འཇིགས་སྐུལ་རིང་ལུགས་ཀྱི་མིང་ཐོའི་ནང་དུ་བཅུག་སྟེ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། དབྱི་རན་གྱི་ཕྱོགས་ནས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ལན་ཆ་སློག་རྒྱུ་ཡིན་ཞེས་བསྟན་པ་རེད།

ཡོ་རོབ་མནའ་འབྲེལ་གྱི་ཕྱོགས་ནས། བཀག་སྡོམ་བྱེད་ས་ནི་དབྱི་རན་གྱི་གསང་འཕྲིན་དང་བདེ་འཇགས་པུའུ་ནང་ཁུལ་གྱི་བདེ་འཇགས་ཅུས་ཡིན་ལ། ཐག་གཅོད་འདི་ནི་སྤྱི་ཚེས་༨ཉིན་བྱས་པ་དང་། སྤྱི་ཚེས་༩ཉིན་ནས་ནུས་པ་ཐོན་གྱི་ཡོད། ཐག་གཅོད་འདི་ནི་ཡོ་རོབ་མནའ་འབྲེལ་གྱི་ཁྱབ་ཁོངས་སུ་བྱུང་བའི་འཇབ་རྒོལ་དོན་རྐྱེན་དང་འབྲེལ་བ་ཡོད་ཅེས་བསྟན་པ་རེད། འོན་ཀྱང་ཡོ་རོབ་མནའ་འབྲེལ་གྱིས་འཇབ་རྒོལ་དོན་རྐྱེན་གྱི་ཞི་ཕྲའི་གནས་ཚུལ་གསལ་བཤད་བྱས་མེད།

སྤྱི་ཚེས་༩ཉིན་དབྱི་རན་ཕྱི་འབྲེལ་པའུ་ཡིས་གསལ་བསྒྲགས་སྤེལ་ཏེ། ཡོ་རོབ་མནའ་འབྲེལ་གྱིས་དབྱི་རན་ལ་བཀག་སྡོམ་བྱས་པར་རྒོལ་གཏམ་དྲག་པོ་བཏང་བ་རེད། གསལ་བསྒྲགས་ནང་། ཡོ་རོབ་མནའ་འབྲེལ་གྱིས་དབྱི་རན་ལ་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་ནི་གཏན་ཚིགས་མེད་ཅིང་སྐྱི་གཡའ་བ་ཞིག་རེད། བྱེད་སྟངས་འདི་ལ་གཞི་བཅོལ་ས་ཅི་ཡང་མེད་པས། དབྱི་རན་གྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ལག་ཆ་སློག་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཚེ་རྡོར།