འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་འཇར་མན་དང་ཧྥ་རན་སེའི་ཆིངས་ཡིག་གསར་པས་ཡོ་རོབ་ལ་གོ་སྐབས་བསྐྲུན་ངེས་ཡིན་ཞེས་གསུངས་པ།
སྤེལ་བའི་དུས་ཚོད། : 2019-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན། འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་མ་སིས། འཇར་མན་དང་ཧྥ་རན་སེས་མཛའ་མཐུན་གྱི་ཆིངས་ཡིག་གསར་པ་འཇོག་རྒྱུ་ཡིན་པས། དེས་རྒྱལ་ཁབ་གཉིས་དང་ཡོ་རོབ་ཀྱི་གོང་འཕེལ་ལ་གོ་སྐབས་གསར་བ་བསྐྲུན་ངེས་རེད་ལ། འདི་ནི་རྒྱལ་ཁབ་ཀྱི་རང་ཕན་རིང་ལུགས་དང་དམངས་འདོད་རིང་ལུགས་བཀག་འགོག་བྱེད་པའི་བརྡ་རྟགས་ཤིག་ཡིན་ཞེས་གསུངས་པ་རེད།

ངོ་སྤྲོད་བྱས་པ་ལྟར་ན། འཇར་མན་དང་ཧྥ་རན་སེའི་ཆིངས་ཡིག་གསར་པ་ལ<ཡ་ཁྲེན་ཆིངས་ཡིག>ཟེར་ཞིང་། དཔལ་འབྱོར་དང་ཕྱི་འབྲེལ། བདེ་འཇགས། རིག་གནས། སློབ་གསོ། ཚན་རིག་ཞིབ་འཇུག གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཁྱབ་ཁོངས་སུ་ཧ་ཅང་དམ་ཟབ་ཅན་གྱི་ད་ལྟའི་ཕྱོགས་གཉིས་འབྲེལ་བར་མུ་མཐུད་ནས་ཤུགས་སྣོན་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཚེ་རྡོར།