ཨོའུ་ཕེ་ཁེས་དང་ཨུ་རུ་སུ་ཡིས་སང་ལོར་ཐོན་འབབ་ཉུང་དུ་གཏོང་བའི་མོས་མཐུན་བྱུང་བ་རེད།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༥ཉིན། ཨོའུ་ཕེ་ཁེས་ཀྱི་ཁོངས་ཞུགས་རྒྱལ་ཁབ་དང་ཨོའུ་ཕེ་ཁེས་མིན་པའི་རྡོ་སྣུམ་ཐོན་སྐྱེད་རྒྱལ་ཁབ་ཀྱིས་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ནར་ཚོགས་འདུ་འཚོགས་ནས། ཐོན་འབབ་ཉུང་དུ་གཏོང་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་བ་དང་། ཐོན་འབབ་ཉུང་དུ་གཏོང་པའི་གཞི་ཁྱོན་ལ་གྲོས་མཐུན་ བྱུང་མེད་པ་རེད།

ཨ་མན་གྱི་རྡོ་སྣུམ་བློན་ཆེན་མུའུ་ཧན་མོ་ཏེ་ཡིས་ཚོགས་འདུའི་རྗེས་སུ་སྨྱན་སྦྱོར་གྱི་ གསར་འགོད་པ་ལ། ཨུ་རུ་སུ་ཚུད་པའི་ཕྱོགས་ཁག་ཁག་གིས་ཐོན་འབབ་ཉུང་དུ་གཏོང་པའི་དགོས་མཁོ་ཡོད་པའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད་ཅེས་བསྟན་པ་རེད།

ཨོའུ་ཕེ་ཁེས་དང་ཨུ་རུ་སུའི་ཐོན་འབབ་ཉུང་དུ་གཏོང་རྒྱུའི་མོས་མཐུན་བྱུང་བའི་ཉིན་དེར། ཐེ་རོན་ཕུ་ཡིས་ “ཐུའེ་ཐེ” ཡི་ཐོག་ནས་གནོན་ཤུགས་སྤྲད་པ་དང་། ཨོའུ་ཕེ་ཁེས་ད་ལྟའི་ཐོན་འབབ་རྒྱུན་འཁྱོངས་བྱེད་དགོས་པ་ལས། ཐོན་འབབ་ལ་ཚོད་འཛིན་བྱེད་མི་རུང་བའི་རེ་བ་ཡོད་ཅེས་བཤད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།