མར་ཏི་ཝེའི་གྲོས་ཚོགས་ཀྱིས་འདེམས་ཤོག་འཕངས་ནས་སླར་ཡང་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་ལ་ལོག་པའི་གྲོས་གཞི་གྲོས་འཆམ་བྱུང་བ།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༦ཉིན། མར་ཏི་ཝེའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་༥ཉིན། མར་ཏི་ཝེའི་གྲོས་ཚོགས་ཁང་གིས་འདེམས་ཤོག་འཕངས་ནས་སླར་ཡང་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་ལ་ལོག་པའི་གྲོས་གཞི་གྲོས་འཆམ་བྱུང་།

སྤྱི་ཚེས་༥ཉིན། མར་ཏི་ཝེའི་ཙུང་ཐུང་ས་ལེ་ཧུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ ཐོག། མར་ཏི་ཝེ་ཡིས་གཟའ་འཁོར་འདིའི་ནང་ཚུན་དུ་དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་དྲུང་ཡིག་ལ་སླར་ཡང་ལོག་པའི་གྲོས་གཞི་སྤྲད་རྒྱུ་ཡིན་པ་དང་། དབྱིན་ཇིའི་རྒྱལ་ཕྲན་མཉམ་འབྲེལ་ལ་སྔ་ཙམ་དངོས་སུ་པང་དུ་ལོག་རྒྱུར་རེ་སྒུག་བྱས་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།