རེས་འཁོར་གསར་པའི་ཡེ་མེན་གྱི་ཞི་བའི་གྲོས་མོལ་དེ་སུའེ་ཏེན་ནས་འཚོགས་པ་རེད།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༦ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོ་འགན་ཁུར་བའི་རེས་འཁོར་གསར་པའི་ཡེ་མེན་གྱི་ཞི་བའི་གྲོས་མོལ་སུའེ་ཏེན་གྱི་རྒྱལ་ས་སི་ཐོག་ཁོར་མོའི་བྱང་ཕྱོགས་སྤྱི་ལེ་༦༠ཡི་ཡོ་ཧན་ནེ་སི་པེ་ལིའུ་མཁར་རྫོང་ནས་འཚོགས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མེན་གནད་དོན་ཐད་ཀྱི་ཆེད་བསྐོས་ཕོ་ཉ་ཀི་རེ་ཧྥས་སི་ ཡིས་ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས། ཞི་མོལ་ལ་འབྱུང་འགྱུར་ཉིན་འགའ་རྗེས་སུ་ཞི་བའི་ཕྱོགས་སུ་འགྲོ་བར་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་དང་། དམག་འཁྲུག་གིས་བཟོས་པའི་ སྡུག་བསྔལ་ཇེ་ཆུང་དུ་གཏོང་དགོས། ཡེ་མེན་གྱི་གནས་བབ་ཚོད་འཛིན་བྱེད་ཐུབ་མེད་པ་འགྱུར་བའི་གོང་དུ། ང་ཚོས་ངེས་པར་དུ་བྱ་སྤྱོད་སྤེལ་ནས་མདུན་དུ་འགྲན་རྩོད་འཕྲད་ན་ཡང་། འོན་ཀྱང་ང་ཚོས་བློས་གཏོང་མ་བྱེད་ན། ང་ཚོས་ཞི་བདེའི་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།