ཨ་རིའི་རྒྱལ་སྲུང་པུའུ་ཡིས་ཨུ་ཁེ་ལན་དུ་དམིགས་བསལ་གྱི་འཕུར་སྐྱོད་ལས་འགན་ཞིག་ལག་བསྟར་བྱས་ཞེས་བསྒྲགས་པ།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༦ཉིན་ཨ་རིའི་རྒྱལ་སྲུང་པུའུ་ནས། ཨ་རི་དང་དེའི་མནའ་མཐུན་རྒྱལ་ཁབ་ཀྱི་མིས་ཉིན་དེར་ཨུ་ཁེ་ལན་གྱི་བར་སྣང་དུ་དམིགས་བསལ་གྱི་འཕུར་སྐྱོད་ལས་འགན་ཞིག་ལག་བསྟར་བྱས་ཞེས་བསྒྲགས།

ཨ་རིའི་རྒྱལ་སྲུང་པུའུ་ནས་ཉིན་དེར་གསལ་བསྒྲགས་སྤེལ་ཏེ། ཐེངས་འདིའི་དམིགས་བསལ་གྱི་འཕུར་སྐྱོད་ལས་འགན་ནི《ནམ་མཁའི་སྒོ་དབྱེའི་ཆིངས་ཡིག》གཞིར་བྱས་ཏེ་ལག་བསྟར་བྱས་པ་ཡིན། སྐབས་འདིར་བྱ་སྤྱོད་འདི་འདྲ་ཞིག་ལག་བསྟར་བྱས་པའི་དམིགས་ཡུལ་ནི། ཨ་རིས་ཨུ་ཁེ་ལན་དང་རོགས་ཟླའི་རྒྱལ་ཁབ་གཞན་རྣམས་ལ་བཞག་པའི་དམ་ཚིག་བསྐྱར་བཤད་ཅིག་བྱས་པ་ཡིན་ཞེས་འཁོད་ཡོད་པ་དང་། གསལ་བསྒྲགས་ནང་། ཨུ་རུ་སུས་ཉིན་རེ་བཞིན་བསྙད་རྐོ་བའམ་འཇིགས་སྐུལ་རང་བཞིན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ་དེ་རིམ་འཕར་བྱས་ཏེ། མཚོ་ནག་པོའི་ཁེ་ཁྲི་མཚོ་འགག་གི་ཉེ་སར་བཅར་ནས་ཨུ་ཁེ་ལན་གྱི་དམག་གྲུ་ལ་ཕར་རྒོལ་བྱས་པར་སྐྱོན་བརྗོད་བྱས་ཡོད་པར་མ་ཟད། ད་དུང་ཨུ་རུ་སུས་མུ་མཐུད་དུ་ཨུ་ཁེ་ལན་སོགས་ཀྱི་ས་ཆར་བྱེད་སྒོ་དེ་ལྟ་བུ་སྤེལ་ཚེ། ཨ་རི་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་བར་ལེགས་བཅོས་གཏོང་ཐབས་མེད་ཅེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།