དབྱིན་ཇིའི་སྲིད་གཞུང་གིས་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་བའི་གྲོས་ཆོད་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཡོད་ཚད་སྤྱི་བསྒྲགས་བྱ་དགོས་པའི་གྲོས་འགོ་སྟོན་པ།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༥ཉིན་དབྱིན་ཇིའི་སྲིད་གཞུང་གིས་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི་གྲོས་ཡོད་དང་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཡོད་ཚད་སྤྱི་བསྒྲགས་བྱ་དགོས་པའི་གྲོས་འགོ་སྟོན་པ་དང་། ཉིན་དེའི་གོང་གྲོས་ཚོགས་ནས་སྲིད་གཞུང་གི་གྲོས་བསྡུར་ལ་སྣང་མེད་མཐོང་ཆུང་བྱས་པར་སྐྱོན་འཛུགས་ལན་ཆ་བྱས་ཡོད་པ་རེད། བྱེད་ཐབས་དེས་དབྱིན་ཇིའི་སྲིད་གཞུང་དང་ཡོ་རོབ་མནའ་འབྲེལ་བར་བཞག་པའི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི་གྲོས་ཆོད་དེར་དབྱིན་ཇིའི་གྲོས་ཚོགས་ཐོག་དེ་བས་གྲོས་འཆམ་ཐུབ་རྒྱུར་དཀའ་གནད་བཟོ་སྲིད་ངེས་ཡིན་པ་རེད།

དེའི་གོང་སྤྱི་བསྒྲགས་བྱས་པའི་བཅའ་ཁྲིམས་ཀྱི་གྲོས་འགོའི་ནང་དུ་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྗེས་ཨེར་ལེན་མཐའ་མཚམས་གནད་དོན་ཐད་ལ་མི་རྣམས་ཀྱིས་དོ་ཁུར་བྱེད་བཞིན་ཡོད། གྲོས་འགོར་གཞིགས་ན། མ་གཞི་ཕྱོགས་ཁག་གིས་ཨེར་ལེན་བྱང་མའི་ས་ཁུལ་དང་འབྲེལ་ཡོད་ཀྱི་གྲབས་ཉར་བཀོད་སྒྲིག་ཡུན་རིང་ནར་འགྱངས་མི་བྱ་རྒྱུའི་རེ་བ་བྱེད་བཞིན་ཡོད། འོན་ཀྱང་ཚབས་བྱེད་ཀྱི་ཇུས་གཞི་གསར་པ་ཡོད་ན་དེ་ལྟར་བྱ་ཆོག་མོད། དེ་མིན་ཚེ་བཀོད་སྒྲིག་དེ་ནི་ཡོངས་སུ་མཚམས་མེད་ནར་འགྱངས་ཤིག་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།