ཐུར་ཁེའི་ཞིབ་དཔྱོད་དཔོན་གྱིས་ཁ་ཧྲུའུ་ཅེའི་གྱོད་གཞི་དང་འབྲེལ་ཡོད་ཀྱི་སོ་ཏི་ཨ་རབ་ཀྱི་དོགས་ཡོད་མི་སྣ་གཉིས་འཛིན་བཟུང་བྱ་རྒྱུའི་བཀའ་བཏང་བ།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༥ཉིན་ཐུར་ཁེའི་དབྱི་སི་ཐེན་པོར་གྱི་དབུ་བཞུགས་ཞིབ་དཔྱོད་དཔོན་གྱིས་སོ་ཏི་ཨ་རབ་ཀྱི་གསར་འགོད་པ་ཁ་ཧྲུའུ་ཅེ་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་དང་འབྲེལ་ཡོད་ཀྱི་སོ་ཏི་ཨ་རབས་ཀྱི་དོགས་ཡོད་མི་སྣ་གཉིས་འཛིན་བཟུང་བྱ་རྒྱུའི་བཀའ་རྒྱ་བཏང་བ་རེད།

ཐུར་ཁེའི་སྨྱན་སྦྱོར་ལས་ཁུངས་ཀྱི་གནས་ཚུལ་སྤེལ་ནས། སོ་ཏི་ཨ་རབ་བ་འདི་གཉིས་ནི་སོ་ཏི་ཨ་རབ་ཀྱི་དེ་སྔའི་གསང་འཕྲིན་སྤྱི་ཁྱབ་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཨའེ་ཧ་མའེ་ཏེ་ཨ་ཤི་ལི་དང་དེ་སྔ་སོ་ཏི་ཨ་རབ་རྒྱལ་རྒྱུད་ཚང་གི་བློ་འདྲིའི་འགན་འཁུར་བ་ས་ཨུ་ཏེ་ཁ་ཧ་ཐ་ཉི་ཡིན་པ་རེད། དབྱི་སི་ཐན་པུར་གྱི་དབུ་བཞུགས་ཞིབ་དཔྱོད་དཔོན་གྱིས་གསལ་བསྒྲགས་སྤེལ་ནས། ཁོ་གཉིས་ཁ་ཧྲུའུ་ཅེ་རྐྱེན་ལམ་དུ་བཏང་བའི་དོན་རྐྱེན་ནང་ཐེ་ཞུགས་བྱས་པའི་དོགས་པ་ཆེན་པོ་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།