འཛམ་གླིང་དངུལ་ཁང་གི་སྙན་ཞུའི་ནང་ཀྲུང་གོ་དེ་ཉིད་ད་ལོའི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཀྱི་འཛམ་གླིང་གི་མདུན་གྱི་ཨང་བཅུའི་ནང་ཚུད་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འཛམ་གླིང་དངུལ་ཁང་གིས་འཛམ་གླིང་ཧྲིལ་པོའི་ཚོང་གཉེར་ཁོར་ཡུག་སྙན་ཞུ་གསར་ཤོས་ནང་། ཀྲུང་གོ་དེ་ཉིད་ད་ལོའི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཀྱི་འཛམ་གླིང་གི་མདུན་གྱི་ཨང་བཅུའི་ནང་ཚུད་ནས། སྤྱིའི་བང་གྲལ་ནང་གི་ཨང་78ནས་ཨང་46ལ་སླེབས་པའི་གཏན་འཁེལ་བྱས་ཡོད། རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་ས་ཆ་དངོས་སུ། འགྲེམ་སྟོན་ལ་ཞུགས་མཁན་ཕྱོགས་ཁག་གིས་གཅིག་མཇུག་གཉིས་མཐུད་ངང་། ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱས་པ་དེས་ཁེ་ལས་ཀྱི་འཕར་སྣོན་གསོན་ཤུགས་སྐུལ་སྤེལ་ཐུབ་ཡོད་པ་དང་། འདྲ་མཉམ་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་ཡོད་ཅེས་བསྟན་ཡོད་པ་རེད།

སྙན་ཞུའི་ནང་། འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོས་ཁེ་ལས་འབྲིང་ཆུང་གི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་བྱེད་ཆེད་ལག་བསྟར་བྱས་པའི་སྒྱུར་བཅོས་ཀྱི་གྲངས་འབོར་ཟིན་ཐོ་མཐོ་ཤོས་གཏོད་ནས། ཁྱོན་ཁག་༧ཡོད་ཅིང་། ད་ལོའི་ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཀྱི་འཛམ་གླིང་ཧྲིལ་པོའི་མདུན་གྱི་ཨང་བཅུའི་ནང་ཚུད་ཡོད་ཅེས་བསྟན་ཡོད། འཛམ་གླིང་དངུལ་ཁང་གི་འགོ་འཛིན་ཅིན་ཡོང་དང་འཛམ་གླིང་དངུལ་ཁང་གི་རིགས་གཅིག་མཁས་པས་བལྟས་ཚེ། རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ནི་མི་རྣམས་ནས་ཧང་སངས་དགོས་པའི་མགྱོགས་པོ་དང་ནུས་ལྡན་ཞིག་ཡིན་པ་རེད།

ས་མཚམས་གྲོལ་བའི་ཉོ་ཚོང་ཐད། སྙན་ཞུའི་ནང་། ཀྲུང་གོས་སྟེགས་བུ་རྐྱང་པ་ཞེས་པ་ལག་བསྟར་བྱས་པ་བརྒྱུད། སྲིད་འཛིན་རང་བཞིན་གྱི་འགྲོ་གྲོན་བསྡུ་རྒྱུ་མེད་པ་བཟོས་པ་དང་། ཁ་གསལ་རང་བཞིན་ཤུགས་ཆེར་བཏང་བ་མ་ཟད་འགྲན་རྩོད་ལ་སྐུལ་མ་བཏང་ཡོད་པས། ས་མཚམས་གྲོལ་བའི་ཉོ་ཚོང་གི་དུས་ཚོད་དང་མ་གནས་གྲོན་ཆུང་ཐུབ་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།