ཨུ་རུ་སུའི་ཁེ་ལས་ཀྱིས་ནང་འདྲེན་དངོས་མང་འགྲེམ་ཚོགས་བརྒྱུད་ནས་ཀྲུང་གོ་དང་མཉམ་ལས་རོགས་ཟླ་བྱེད་འདོད་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-11-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་དུ་ཨུ་རུ་སུའི་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་མང་པོ་ཞིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བའི་དགེ་མཚན་ལྡན་པའི་བརྡ་འཕྲིན་བརྒྱུད་སྤྲོད་བྱས་ཡོད་པ་དང་། ནང་འདྲེན་དངོས་མང་འགྲེམ་ཚོགས་བརྒྱུད་ནས་ཀྲུང་གོ་་དང་མཉམ་ལས་རོགས་ཟླ་བྱེད་འདོད་ཡོད་ཅེས་བསྟན་ཡོད།

ཀྲུང་གོ་དང་ཨུ་རུ་སུ་རྒྱལ་སྤྱིའི་ལག་རྩལ་མཐོ་གྲས་སྤོ་སྒྱུར་ལྟེ་གནས་ཀྱི་ཨུ་རུ་སུ་ཕྱོགས་ཀྱི་ཀྲུའུ་རེན་ཝེ་ཁི་ཏོ་ཡིས་ཨུ་རུ་སུ་ཕྱོགས་ཀྱི་ཁེ་ལས་ཀྱིས་ཀྲུང་གོའི་ཚོང་རར་ཞུགས་པར་དགའ་སྣང་ཆེན་པོ་ཡོད་པ་དང་། ང་ཚོས་ནང་འདྲེན་དངོས་མང་འགྲེམ་ཚོགས་ནང་ཞུགས་པའི་དམིགས་ཡུལ་ནི་ཀྲུང་གོ་དང་མཉམ་ལས་རོགས་ཟླ་བྱ་རྒྱུ་དེ་ཡིན་ཞེས་གསུངས་ཡོད་པ་རེད།

ཨུ་རུ་སུའི་yadroཀུང་སིའི་སྤྱི་གཉེར་ཨ་ལའེ་ཁའོ་ཞེ་ཡིས། ཀྲུང་གོ་ནི་གཞི་གྲངས་ཐོན་རྫས་ཀྱི་ཚོང་ར་མདུན་ལམ་ཆེ་ཤོས་ཤིག་ཡིན་ལ། མིག་སྔར་ཀུང་སིས་ཀྲུང་གོ་ཕྱོགས་དང་མཉམ་ལས་རོགས་ཟླར་འགྱུར་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། ནང་འདྲེན་དངོས་མང་འགྲེམ་ཚོགས་སྤེལ་བའི་རིང་ཀྲུང་གོའི་ཕྱོགས་ཀྱི་ཁེ་ལས་དང་མཉམ་ལས་ཀྱི་འདོད་བློ་དང་མཐུན་པའི་གྲོས་མཐུན་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བཀྲ་ཤིས་རྣམ་རྒྱལ།