སི་རི་ཡའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་བཀོས་ཕོ་ཉ་དང་མཉམ་ལས་བྱ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2018-11-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སི་རི་ཡའི་ཕྱི་འབྲེལ་པུའུ་ཀྲང་གཞོན་པ་མེ་ཁེ་ཏ་ཏེས་སི་རི་ཡའི་མེས་རྒྱལ་ཚགས་པར་གྱི་བཅར་འདྲི་དང་ལེན་གནང་སྐབས། གསར་དུ་འགན་བཞེས་པའི་མཉམ་འབྲེལ་རྒྱལ་ཚོགས་སི་རི་ཡའི་གནད་དོན་གྱི་དམིགས་བསལ་ཆེད་བཀོས་ཕོ་ཉ་ཕེ་ཁེ་རུས་དེའི་གོང་གི་དམིགས་བསལ་ཆེད་བཀོས་ཕོ་ཉ་སི་ཏ་ཧྥན་ ཏི་མི་སི་ཐུ་ལ་དང་འདྲ་བའི་བྱ་ཐབས་མི་བཟུང་ན། སི་རི་ཡས་ཕེ་ཁེ་རུ་དང་མཉམ་ལས་བྱ་རྒྱུ་ཡིན་ཞེས་གསུངས་འདུག

མེ་ཁེ་ཏ་ཏེས། ཕེ་ཁེ་རུས་ངེས་པར་དུ་སི་རི་ཡའི་རྒྱལ་ཁོངས་ས་ཆ་ཆ་ཚང་དང་སི་རི་ཡའི་མང་ཚོགས་ཀྱི་འདོད་བློ་ལ་སྲུང་སྐྱོང་བྱ་དགོས་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་ཕྱོགས་སུ་ལངས་མི་རུང་བར། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་སྒྲོམ་གཞིའི་འོག་སི་རི་ཡའི་མང་ཚོགས་ཀྱི་རང་དབང་ལ་འགན་ལེན་བྱ་དགོས་པའི་ངོས་འཛིན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།