ཨེ་ཅེབ་བདེ་འཇགས་དཔུང་སྡེས་མིང་ཡ་མངའ་སྡེར་འཇབ་རྒོལ་ནང་ཞུགས་པའི་དོགས་པ་ཡོད་པའི་འཇིགས་སྐུལ་པ་༡༩བསད་པ།
སྤེལ་བའི་དུས་ཚོད། : 2018-11-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༤ཉིན་ཨེ་ཅེབ་ནང་སྲིད་པུས་གསལ་བསྒྲགས་སྤེལ་བའི་ནང་། ཨེ་ཅེབ་བདེ་འཇགས་དཔུང་སྡེས་འཇིགས་སྐུལ་པ་༡༩བསད་པ་དང་། སྤྱི་ཚེས་༢ཉིན་ཁོ་ཚོས་ཨེ་ཅེབ་ལྷོ་ཕྱོགས་སུ་ཡོད་པའི་མིང་ཡ་མངའ་སྡེར་བྱུང་བའི་འཇབ་རྒོལ་ནང་དུ་ཞུགས་པའི་དོགས་པ་ཡོད་ཅེས་བཤད་འདུག

གསལ་བསྒྲགས་ནང་། འཇིགས་སྐུལ་པ་དེ་ཚོ་མིང་ཡ་མངའ་སྡེའི་ནུབ་ངོས་ཀྱི་བྱེ་ཐང་དུ་ཨེ་ཅེབ་བདེ་འཇགས་དཔུང་སྡེ་དང་མེ་མདའ་རྒྱག་རེས་བྱེད་སྐབས་བསད་ཡོད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།