ཅིན་ཀྲེང་ཨིན་གྱིས་ཀྲུང་གོ་དང་བྱང་ཁོ་རེ་ཡའི་རིག་རྩལ་འཁྲབ་སྟོན་པའི་མཉམ་འབྲེལ་འཁྲབ་སྟོན་ཐེངས་དང་པོར་གཟིགས་པ།
སྤེལ་བའི་དུས་ཚོད། : 2018-11-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༡༡པའི་ཚེས་༣ཉིན་གྱི་ཕྱི་དྲོར། བྱང་ཁོ་རེ་ཡ་ངལ་རྩོལ་ཏང་གི་ཨུ་ཡོན་ཀྲང་། རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨིན་གྱིས་ཕོང་དབྱང་དུ་ཀྲུང་གོ་དང་བྱང་ཁོ་རེ་ཡའི་རིག་རྩལ་འཁྲབ་སྟོན་པའི་ མཉམ་འབྲེལ་འཁྲབ་སྟོན་ཐེངས་དང་པོར་གཟིགས་པ་རེད།

འཁྲབ་སྟོན་མགོ་མ་ཚུགས་གོང་། ཅིན་ཀྲེང་ཨིན་གྱིས་ཀྲུང་གོའི་རིག་རྩལ་འཁྲབ་སྟོན་པའི་འཐུས་མི་ཚོགས་པའི་ཁོངས་མི་གཙོ་བོ་དང་མཇལ་འཕྲད་གནང་ཞིང་ཚང་མ་ལྷན་དུ་དྲན་རྟེན་མཉམ་པར་བསྐྱོན་ཡོད་པ་རེད། ཅིན་ཀྲེང་ཨིན་གྱིས་ཀྲུང་གོ་དང་བྱང་ཁོ་རེ་ཡ་གཉིས་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་ཕྱིན་པར་གདེང་འཇོག་མཐོ་པོ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གིས་བྱང་ཁོ་རེ་ཡའི་མི་དམངས་ནས་དགའ་པོ་བྱེད་པའི་ཀྲུང་གོའི་སྒྱུ་རྩལ་པ་བྱང་ཁོ་རེ་ཡར་མཛའ་བརྩེ་སྤེལ་རེས་ཀྱི་འཁྲབ་སྟོན་བྱེད་པར་མངགས་གཏོང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཐེངས་འདིའི་འཚམས་འདྲི་བརྒྱུད་རྒྱལ་ཁབ་གཉིས་པོས་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་སུ་ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་བརྩེ་བ་གཏིང་ཟབ་ཏུ་གཏོང་བ། བྱང་ཁོ་རེ་ཡ་དང་ཀྲུང་གོའི་སྲོལ་རྒྱུན་གྱི་མཛའ་གྲོགས་བརྟན་དུ་གཏོང་བཅས་བྱེད་ཐུབ་ཅེས་བསྟན་ཡོད་པ་རེད།

འཁྲབ་སྟོན་དེ་ནི་ཕོང་དབྱང་གི་ཝན་ཧྲོའུ་ཐའེ་སྒྱུ་རྩལ་ཟློས་གར་ཁང་དུ་གཉེར་ཡོད་པ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་རིག་རྩལ་འཁྲབ་སྟོན་པས་མཉམ་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ནས་དགའ་པོ་བྱེད་པའི་གླུ་གཞས་དང་ཞབས་བྲོ་སོགས་ཀྱི་ལེ་ཚན་འཁྲབ་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཚེ་བརྟན་རྡོ་རྗེ།