ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ལའེ་སིས་ཨ་ཀྲུང་གཉིས་ནས་དགེ་མཚན་ལྡན་པའི་འགྲན་རྩོད་བྱ་རྒྱུར་འབད་བརྩོན་བྱ་དགོས་ཞེས་གསུངས་པ།
སྤེལ་བའི་དུས་ཚོད། : 2018-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན། ཨ་རིའི་རྒྱལ་དོན་བློན་ཆེན་ལའེ་སིས་ཨ་རི་དང་ཀྲུང་གོས་ཕན་ཚུན་འགྲན་རྩོད་ནང་གི་གནོད་འཚེའི་རང་བཞིན་གྱི་རྒྱུ་རྐྱེན་སེལ་ཐབས་བྱས་ནས། ཕྱོགས་གཉིས་པོའི་དགེ་མཚན་ལྡན་པའི་འགྲན་རྩོད་མངོན་འགྱུར་ཡོང་བའི་འབད་བརྩོན་བྱ་དགོས་ཞེས་གསུངས་པ་དང་།

ལའེ་སིས། རང་མོས་དང་ཡོངས་གྲགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་གིས་རྒྱལ་སྤྱིའི་དཔལ་འབྱོར་སྔར་བས་ལེགས་པ་ཡོང་རྒྱུ་ཡིན་པ་དང་། དཔྱ་ཁྲལ་འཕར་བསྡུ་བྱེད་རྒྱུ་དེ་ཕྱོགས་གང་རུང་གི་ཁེ་ཕན་དང་མི་མཐུན་པ་ཞིག་ཡིན། ཨ་ཀྲུང་གཉིས་བར་མཉམ་རྒྱལ་མངོན་འགྱུར་ཐུབ་པ་ཞིག་ཡིན། འོན་ཀྱང་དེ་ཡང་རིམ་མཚུངས་ཀྱི་གཉིས་ཕན་ཡིན་དགོས་ཞེས་བསྟན་ཡོད་པ་རེད།

ལའེ་སིས། ལོ་རྒྱུས་ཀྱི་ཉམས་མྱོང་ཐོག་ནས། ཨ་ཀྲུང་རྒྱལ་ཁབ་གཉིས་པོར་ཁྱབ་ཁོངས་འགའ་ཤས་ནང་ཕྱོགས་འགལ་ཡོད་རུང་། ཕྱོགས་གཉིས་པོས་ཁྱབ་ཁོངས་མང་པོའི་ནང་མཉམ་ལས་བྱེད་པའི་དགོས་མཁོ་ཡོད་པ་ཡང་མངོན་ཡོད་པས། ཨ་ཀྲུང་ཕྱོགས་གཉིས་པོས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བསམ་ཤེས་ཆེ་རུ་གཏོང་དགོས་པ་མ་ཟད། ཕྱོགས་འགལ་ཡོད་པའི་ཁྱབ་ཁོངས་ནང་སྦ་གསང་མེད་པའི་སྒོ་ནས་གྲོས་མོལ་བྱས་ཏེ། གནད་དོན་ཐག་གཅོད་བྱ་ཐབས་འཚོལ་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།