ཨུ་རུ་སུས་ལི་པི་ཡར་དམག་དོན་བཀོད་འདོམ་ཡོད་པའི་བཤད་སྲོལ་ལ་ཁས་ལེན་བྱས་མེད་པ།
སྤེལ་བའི་དུས་ཚོད། : 2018-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཨུ་རུ་སུའུ་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་སྲུང་སྐྱོབ་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གཞོན་པ་ཁུང་ཏེ་ལ་ཅིས་ཡེ་ཧྥོས་ཡིས་སྤྱི་ཚེས་༩ཉིན། ཨུ་རུ་སུས་ལི་པི་ཡར་དམག་དོན་བཀོད་འདོམ་མེད་ལ་སྤེལ་བའི་འཆར་གཞི་ཡང་མེད། ཨུ་རུ་སུ་ལ་ཡང་པེར་ཀྲེམ་གཞུང་ཕྱོགས་ཀྱི་འབྲེལ་ཡོད་གདན་ཞུ་ཡིག་ཆ་འབྱོར་མ་བྱུང་། དབྱིན་ཇིའི་རྒྱལ་ཁབ་གསར་འགྱུར་ཚན་པས་གསར་འགྱུར་ནི་ཁུངས་མེད་འཆལ་གཏམ་རང་རེད་ཅེས་དང་། ཁོང་གིས། དབྱིན་ཇིའི་གསར་འགྱུར་ལས་ཁུངས་ཀྱི་བྱ་སྤྱོད་སྤེལ་སྟངས་ནི་ཨུ་རུ་སུའི་རྒྱལ་སྤྱིའི་སྤོབས་ཉམས་ལ་མུ་མཐུད་གཏོར་ཤིག་དང་། ཨུ་རུ་སུས་འཇིགས་སྐུལ་པར་ངོ་རྒོལ་ཧུར་ཐག་བྱེད་པའི་གཟུགས་བརྙན་ལ་གཏོར་ཤིག་གཏང་བ་ཞིག་རེད་ཅེས་བཏོན་ཡོད།

དབྱིན་ཇིའི་༼ཉི་མའི་ཚགས་པར༽ཞེས་པའི་ཐོག་ཉེ་ཆར། ཨུ་རུ་སུས་ལི་པི་ཡར་དམག་དོན་གསང་འཕྲིན་བསྡུ་སྤྲོད་མི་སྣ་བཅུ་གྲངས་ཤིག་མངགས་གཏོང་བྱས་པ་དང་སྦྲགས་ལི་པི་ཡ་དེ་སི་རི་ཡ་གསར་པ་ཞིག་ཏུ་བསྒྱུར་ནས་ནུབ་ཕྱོགས་སུ་གནོན་ཤུགས་སྤྲོད་རྩིས་བྱེད་ཀྱི་འདུག་ཅེས་གསར་འགྱུར་སྤེལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་པ་ཚེ་རིང་།