ཕྱེད་གླིང་ཕྲན་གྱི་དུས་བབ་རྒྱུན་མཐུད་ཡག་ཏུ་སོང་ནས་ལྷོ་ཁོ་རེ་ཡས་༥པའི་ཚེས་༢༤ཉིན་གྱི་བྱང་ཁོ་རེ་ཡའི་བཀག་སྡོམ་མེད་པ་བཟོ་རྒྱུའི་སྐོར་གྲོས་ཞིབ་བྱས་པ།
སྤེལ་བའི་དུས་ཚོད། : 2018-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ལྷོ་ཁོ་རེ་ཡའི་ཐན་ཨན་ཧའོ་གྱོད་དོན་ཐོན་པའི་རྗེས། ལྷོ་ཁོ་རེ་ཡས་སྤྱི་ཟླ་༥པའི་ཚེས་༢༤ཉིན་བྱང་ཁོ་རེ་ཡར་བཀག་སྡོམ་བྱ་ཐབས་སྤེལ་ནས་ད་བར་ལོ་ངོ་བརྒྱད་ཟིན་གྱི་ཡོད། སྤྱི་ཚེས་༡༠ཉིན། ལྷོ་ཁོ་རེ་ཡའི་ཕྱི་འབྲེལ་དཔོན་ཁང་ཅིང་ཧེ་ཡིས། ཕྱི་འབྲེལ་པུའུ་ཡིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་ལྷོ་བྱང་ཁོ་རེ་ཡའི་དཔལ་འབྱོར་མཉམ་ལས་ཀྱི་༥པའི་ཚེས་༢༤ཉིན་གྱི་བྱ་ཐབས་བཀག་སྡོམ་མེད་པ་བཟོ་རྒྱུའི་སྐོར་ལ་གྲོས་ཞིབ་བྱེད་བཞིན་ཡོད་ཅེས་བཏོན་ཡོད།

བྱང་ཁོ་རེ་ཡར་ཡུལ་སྐོར་འགྲོ་བའི་གནད་དོན་དེ་བཀག་སྡོམ་བྱ་ཡུལ་གྱི་གནད་དོན་ཞིག་ཡིན་མིན་ཐད་ལ། ཁང་ཅིན་ཧེ་ཡིས། ཡུལ་སྐོར་རང་དང་འགྲུལ་པ་ཐར་ཐོར། ལྟོ་ཆས་བཟའ་བ་ཚང་མ་བཀག་སྡོམ་བྱ་ཡུལ་ཁོངས་སུ་གཏོགས་མེད། ཡིན་ནའང་། བྱང་ཁོ་རེ་ཡར་ཡུལ་སྐོར་ཕྱིན་པའི་མ་དངུལ་ནང་རྒྱུགས་དེ་བཀག་སྡོམ་བྱ་ཡུལ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཏོན་ཡོད།

ལྷོ་ཁོ་རེ་ཡའི་སྤྱི་འབངས་བྱང་ཁོ་རེ་ཡའི་ཅིན་ཀང་རི་བོར་ཡུལ་སྐོར་དུ་འགྲོ་མི་ཆོག་པ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ནས་བྱང་ཁོ་རེ་ཡར་བཀག་སྡོམ་བྱ་ཐབས་ལས་བྱུང་བ་ཞིག་མ་ཡིན་པར་དེ་ནི་༥པའི་ཚེས་༢༤ཉིན་གྱི་བྱ་ཐབས་ཀྱི་བཤད་སྲོལ་ལས་བྱུང་ཡོད་ཅེས་ཁང་ཅིང་ཧེས་ལན་གསལ་པོ་བཏབ་ཡོད་པ་རེད། དེར་བརྟན་ལྷོ་བྱང་ཁོ་རེ་ཡའི་འབྲེལ་བ་རྒྱུན་མཐུད་ཡག་ཏུ་འགྲོ་བའི་བརྒྱུད་རིམ་ནང་། ལྷོ་ཁོ་རེ་ཡ་སྲིད་གཞུང་ནས་བྱང་ཁོ་རེ་ཡའི་བཀག་སྡོམ་མེད་པ་བཟོ་བའི་གྲོས་ཞིབ་དེ་ཇེ་མགྱོགས་སུ་གཏོང་མིན་ཡང་དོ་ཁུར་བྱེད་མང་ས་ཞིག་ཏུ་གྱུར་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་པ་ཚེ་རིང་།