ཝུ་ཁེ་ལན་བྱང་རྒྱུད་ཀྱི་གོ་མཚོན་མཛོད་ཁང་ཞིག་འབར་གས་བྱས་པ་དང་མི་སྣ་ཤི་རྨས་གནས་ཚུལ་ཐོན་མེད་པ།
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན་ཝུ་ཁེ་ལན་གྱི་རྒྱལ་སྲུང་པུའུ་ཡིས་བཤད་པར། བྱང་རྒྱུད་ཆེའར་ཉིན་ཀེ་ཧྥུའི་མངའ་སྡེའི་དབྱི་ཆི་ཉི་ཡ་གྲོང་ཁྱེར་ཉེ་འགྲམ་དུ་ཉིན་དེའི་ཐོ་རེངས་ལྷག་པའི་གོ་མཚོན་མཛོད་ཁང་འབར་གས་ནང་མི་སྣ་ཤི་རྨས་གནས་ཚུལ་ཐོན་མེད་པ་དང་། མིག་སྔའི་ཆར། དོན་རྐྱེན་ལྷག་དོན་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།

དེ་ནི་སྤྱི་ལོ་༢༠༡༤ལོའི་ཟླ་བ་༤པའི་ནང་ཝུ་ཁེ་ལན་ཤར་རྒྱུད་ཀྱི་གདོང་ཐུག་ཤོར་ཚུན། ཝུ་ཁེ་ལན་དུ་ཐོན་པའི་གོ་མཚོན་མཛོད་ཁང་འབར་གས་ཤོར་བའི་དོན་རྐྱེན་ཐོན་ཐེངས་དྲུག་པ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།