ཀྲུང་གོའི་སྐུ་ཚབ་ཀྱིས། དབྱི་རན་རྡུལ་ཉིང་གྲོས་ཆོད་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པའི་དགོས་ངེས་ཀྱི་ནང་དོན་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༢ཉིན། གསར་དུ་བསྐོ་བཞག་བྱས་པའི་ཝེ་ཡེ་ན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་གཞན་དག་གི་སྐུ་ཚབ་འཐུས་མི་ཝང་ཆུན་གྱིས། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག ཕྱོགས་ཁག་གིས་དབྱི་རན་རྡུལ་ཉིང་གནད་དོན་གྱི་ཁྱོན་ཡོངས་གྲོས་ཆོད་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད་ཅེས་དང་། ཁོང་གིས། དབྱི་རན་རྡུལ་ཉིང་གྲོས་ཆོད་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྡུལ་ཉིང་ཚོད་འཛིན་བྱེད་པའི་ཕྱོགས་མང་གྲོས་ཆོད་ཅིག་ཡིན་ཞིང་། ལག་བསྟར་ལས་ར་སྤྲོད་ཐུབ་པར་ཕན་འབྲས་ནུས་ལྡན་ཐོན་ཡོད། གྲོས་ཆོད་ལ་སྲུང་སྐྱོབ་དང་ལག་བསྟར་བྱ་རྒྱུ་ནི། རྒྱལ་སྤྱིའི་རྡུལ་ཉིང་རྒྱ་བསྐྱེད་མི་འགྲོ་བའི་མ་ལག་དང་དེ་བཞིན་དབུས་ཤར་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་ཕན་ཐོགས་ཡོད་ལ། དེ་ཡང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་དགོས་ངེས་ནང་དོན་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་མཐུན་གྱི་ཡོད། ཀྲུང་གོའི་ཕྱོགས་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་སྤྱི་ཡོངས་དང་རྒྱང་རིང་ལ་ཁ་ཕྱོགས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབོད་སྐུལ་ལ་བརྡ་ལན་ཧུར་ཐག་ཞུས་པ་དང་། ཚད་འགལ་གྱི་སྣོན་ཤུགས་སྤྲོད་རྒྱུ་དང་། ཕྱོགས་རྐྱང་པའི་བཀག་སྡོམ་སོགས་དགེ་མཚན་མེད་པའི་བྱ་ཐབས་དོར་ཏེ། ཛ་དྲག་དུས་བབ་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།