ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས་མི་༦རྐྱེན་ལམ་དུ་བཏང་བ།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེའི་ཁེ་ཨན་རྫོང་གི་ཉེན་རྟོག་པས་ས་གནས་དེ་གའི་དུས་ཚོས་སྤྱི་ཚེས་༡༢ཉིན། རྫོང་དེའི་པེ་ཁེ་སི་ཧྥེ་འར་ཏེ་གྲོང་ཁྱེར་དུ་ཉིན་དེའི་མཚན་མོར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་ཐོན་ནས། ལག་དམར་བ་ཚུད་པའི་མི་༦རྐྱེན་ལམ་དུ་ཤོར་ཡོད་ཅེས་བསྟན་ཡོད།

ས་གནས་དེ་གའི་ཉེན་རྟོག་པས་ད་ཐེངས་ཀྱི་དོན་རྐྱེན་ནི་ཚོགས་པའི་རང་བཞིན་གྱི་མེ་མདའ་བརྒྱབ་པའི་གྱོད་གཞི་ཞིག་ཡིན། ཉེན་རྟོག་ཕྱོགས་ཀྱིས་སྨྱན་སྦྱོར་ཚན་པར་ངོ་སྤྲོད་བྱེད་སྐབས། ཁྱོ་ཤུགས་ཞིག་དང་སྐྱེས་པ་ཞིག་དངོས་ཟོག་དབོར་འདྲེན་ཀུང་སིར་གདོང་ཐུག་ཤོར་རྗེས། བཟའ་ཟླ་དེའི་ཁྱོ་བོ་མེ་མདའ་བརྒྱབ་ནས་བསད་པ་དང་། སླར་ཡང་མེ་མདའ་བརྒྱབ་ནས་སྐྱེས་པ་དེའི་བཟའ་ཟླ་ཡང་བསད་པ་དང་ཆབས་ཅིག གཞན་མི་གསུམ་བསད་ཡོད་པ་རེད། མེ་མདའ་རྒྱག་མཁན་གྱི་སྐྱེས་པ་དེ་ཉེན་རྟོག་ཕྱོགས་དང་མེ་མདའ་རྒྱག་རེས་བྱེད་སྐབས་རང་ལྕེབ་བྱས་ནས་གྲོངས་ཡོད་པ་རེད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།