ཀྲུང་གོས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལ་ཨ་རིར་ཉོ་ཚོང་འཁོན་ལན་སློག་རྒྱུའི་ཆོག་མཆན་སྤྲོད་པའི་རེ་ཞུ་བྱས་པ།
སྤེལ་བའི་དུས་ཚོད། : 2018-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༡ཉིན་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་ཁོངས་མིར་མཁོ་འདོན་བྱས་པའི་ཡིག་ཆ་ལས་མངོན་པར། ཨ་རིས་བྱ་སྤྱོད་དངོས་སྤེལ་ནས་ཀྲུང་གོའི་ཐོན་རྫས་ལ་སྒྲིག་སྲོལ་ལས་འགལ་ནས་ཕམ་ཚོང་ལ་འགོག་པའི་བྱ་སྤྱོད་སྤེལ་བ་དེ་ཡོ་བསྲང་བྱས་མེད་སྟབས། ཀྲུང་གོས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལ་ཨ་རིར་ལོ་ལྟར་ཨ་སྒོར་དུང་ཕྱུར་༧༠འི་ཉོང་ཚོང་གི་འཁོན་ལན་སློག་རྒྱུའི་ཆོག་མཆན་སྤྲོད་པའི་རེ་ཞུ་བྱས་ཡོད།

འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་ལ་གཞིགས་ཚེ། ཀྲུང་གོས་བཏོན་པའི་ཉོ་ཚོང་གི་འཁོན་ལན་སློག་རྒྱུའི་རེ་ཞུར་ཆོག་མཆན་ཐོབ་རྗེས། གལ་ཏེ་ཨ་རིས་འཁོན་ལོན་སློག་པའི་ཚད་གཞིར་ངོ་རྒོལ་མ་བྱས་ཚེ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་རྩོད་གཞི་ཐག་གཅོད་སྡེ་ཁག་གིས་ལུགས་མཐུན་གྱི་དུས་བཀག་མཇུག་སྒྲིལ་རྗེས་ཀྱི་ཉིན་༣༠འི་ནང་ཚུན་ཏེ་སྤྱི་ཟླ་༩པའི་ཚེས་༢༡ཉིན་གོང་ཀྲུང་གོས་བཏོན་པའི་འཁོན་ལན་སློག་རྒྱུའི་རེ་ཞུར་ཆོག་མཆན་སྤྲོད་རྒྱུ་ཡིན་པ་རེད།

དེ་ནི་ཀྲུང་གོ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་འཛུལ་རྗེས་ཐེངས་དང་པོར་རྩོད་གཞི་ཐག་གཅོད་གྱོད་གཞིའི་ནང་གི་གྱོད་ཕམ་གྱིས་རྩོད་གཞི་ཐག་གཅོད་གྱོད་གཞིར་ཁྲུན་ཐག་བཅད་པ་དེ་ལག་བསྟར་བྱས་མེད་པའི་དབང་གིས་ཉོ་ཚོང་གི་འཁོན་ལན་སློག་རྒྱུར་ཆོག་མཆན་སྤྲོད་རྒྱུའི་རེ་ཞུ་བྱ་ཐེངས་དང་པོ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རྣམ་རྒྱལ།