ཀྲུང་གོའི་སྐུ་ཚབ་ཀྱིས་ཆབ་སྲིད་ཀྱི་ཐབས་ལམ་ཐོག་ནས་སི་རི་ཡའི་ཉམས་ཉེན་ཐག་གཅོད་བྱ་དགོས་པའི་རེ་འབོད་གནང་བ།
སྤེལ་བའི་དུས་ཚོད། : 2018-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༡ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱུན་བཞུགས་ཀྲུང་གོའི་སྐུ་ཚབ་མ་ཀྲའོ་ཞུས་ཀྱིས་བདེ་འཇག་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡའི་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསུངས་བཤད་གནང་ནས། ཆབ་སྲིད་ཀྱི་ཐབས་ལམ་ཐོག་ནས་སི་རི་ཡའི་ཉམས་ཉེན་ཐག་གཅོད་བྱ་དགོས་པའི་རེ་འབོད་གནང་ཡོད།

ཁོང་གིས། ཀྲུང་གོས་ཨུ་རུ་སུ་དང་ཐུར་ཁེ། དབྱི་རན་བཅས་ཀྱིས་སྤྱི་ཟླ་༩པའི་ཚེས་༧ཉིན་འགོ་ཁྲིད་མི་སྣའི་མཇལ་འཛོམས་དང་མཉམ་འབྲེལ་གསལ་བསྒྲགས་སྤེལ་བར་དགའ་བསུ་ཞུ་རྒྱུ་དང་། རྒྱལ་ཁབ་གསུམ་པོས་ཕྱི་འབྲེལ་ཐབས་ལམ་ཐོག་ནས་སི་རི་ཡའི་གནད་དོན་ཐག་གཅོད་བྱ་ཆེད་འབད་བརྩོན་ལྷོད་མེད་བྱས་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་སི་རི་ཡའི་གནད་དོན་གྱི་ཆེད་བཀོད་ཕོ་ཉ་ཏེ་མི་སི་ཐུ་ལས་སི་རི་ཡའི་རྩམ་ཁྲིམས་ཨུ་ཡོན་ལྷན་ཁང་འཛུགས་་རྒྱུའི་ཐད་འབྲེལ་ཡོད་ཕྱོགས་ཁག་བར་འབྲེལ་གཏུག་དམ་ཟབ་གནང་བཞིན་ཡོད། ཁོང་གསལ་གྱི་འཕེལ་རིམ་དེ་དག་གིས་སི་རི་ཡའི་དབྱི་ཏི་ལི་ཕུའི་དུས་བབ་ལེགས་བཅོས་དང་། སི་རི་ཡའི་གནད་དོན་ཆབ་སྲིད་ཀྱི་ཐབས་ལམ་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་ཐོན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རྣམ་རྒྱལ།