རྒྱལ་ཁབ་༧༧ཚོགས་པས་ཝེ་ཡེ་ནའི་ཡུན་ལག་པུའུ་རུ་ཚོགས་པ་བཙུགས་ནས་ལོ་༢༠འཁོར་བའི་དྲན་གསོའི་ཚོགས་འདུ་སྐོང་ཚོགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༡ཉིན་རྒྱལ་ཁབ་༧༧ཚོགས་པས་ཝེ་ཡེ་ནའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་ཚོགས་པ་བཙུགས་ནས་ལོ་༢༠འཁོར་བའི་དྲན་གསོའི་ཚོགས་འདུ་སྐོང་ཚོགས་བྱས་པ་དང་། རྒྱལ་ཁབ་༧༧ཚོགས་པའི་ཝེ་ཡེ་ནའི་ཡན་ལག་པུའི་ཀྲུའུ་ཞི་ཧ་ཏེ་ཝ་དང་ཚོགས་པའི་ཁོངསགཏོགས་རྒྱལ་ཁབ་ཁག་གི་རྒྱུན་བཞུགས་སྐུ་ཚབ་བྱེད་སྒོར་ཞུགས་གནང་ཡོད།

ཧ་ཏི་ཝས། རྒྱལ་ཁབ་༧༧ཚོགས་པ་དང་ཀྲུང་གོའི་བར་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ཡོད། ཀྲུང་གོ་དང་མཉམ་ལས་བྱེད་པ་དེས་རྒྱལ་སྤྱིའི་བྱ་དོན་ཁྲོད་རྒྱལ་ཁབ་༧༧ཚོགས་པ་དང་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཤུགས་རྐྱེན་་དང་སྐད་ཆ་བཤོད་དབང་ཚད་ཇེ་ཆེར་ཕྱིན་ཡོད། མིག་སྔར་ཕྱོགས་མང་རིང་ལུགས་ལ་འགྲན་རྩོད་དྲག་པོ་འཕྲད་པའི་དུས་འདིར། ཀྲུང་གོས་དར་ཆ་མཐོན་པོས་ཕྱོགས་མང་རིང་ལུགས་ལག་བསྟར་དང་ཕྱོགས་མང་སྒྲིག་ལམ་སྲུང་སྐྱོང་བྱས་ནས་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་སེམས་ཤུགས་དང་སྟོབས་ཤུགས་འབྱིན་ཡོད། རྒྱལ་ཁབ་༧༧ཚོགས་པས་མུ་མཐུད་ཀྲུང་གོའི་བར་མཉམ་ལས་དམ་ཟབ་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ། འཛམ་གླིང་གི་ཞི་བདེ་དང་བདེ་འཇག་ལ་སྐུལ་འདེད། གོ་ལའི་རྒྱུན་མཐུད་གོང་འཕེལ་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རྣམ་རྒྱལ།