ཨ་རིའི་མཉམ་འབྲེལ་མཁའ་འགྲུལ་ཀུང་སིའི་གནམ་གྲུའི་ལན་གྲངས་༩༣ལྷུངས་སར་༩པའི་ཚེས་༡༡ཀྱི་དྲན་གསོའི་བྱེད་སྒོ་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༡ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཙུས་པིན་ཞི་ཧྥ་ཉི་ཡ་མངའ་སྡེའི་ཧྲང་ཁེ་སི་ཝེར་དུ་ཨ་རིའི་མཉམ་འབྲེལ་མཁའ་འགྲུལ་ཀུང་སིའི་གནམ་གྲུའི་ལན་གྲངས་༩༣གྱི་དྲན་གསོའི་སྤྱི་གླིང་དུ་༩པའི་ཚེས་༡༡གི་དོན་རྐྱེན་ཐོན་ལས་ལོ་༡༧འཁོར་བའི་བྱེད་སྒོར་ཞུགས་པ་དང་། ནུས་ཤུགས་ཡོད་རྒུད་འཇིགས་སྐུལ་པས་ཨ་རིའི་མངའ་ཁོངས་ལ་འཇབ་རྒོལ་བྱ་རྒྱུ་སྔོན་འགོག་བྱ་རྒྱུ་ཡིན་ཞེས་གསུངས་ཡོད། ཨ་རིའི་ཙུང་ཐུང་གི་སྐུ་ཟླ་མེ་ལ་ནི་ཡ་དང་། ནང་སྲིད་པུའུ་ཀྲང་རུའི་ཨན་ཅིན་ཁེ། གནམ་གྲུའི་ལན་གྲངས་༩༣གྱི་འདས་པོའི་ཁྱིམ་མིའི་འཐུས་མི། དེ་བཞིན་མང་ཚོགས་བརྒྱ་ཕྲག་བཅས་དྲན་གསོའི་བྱེད་སྒོར་ཞུགས་ཡོད།

རྒྱལ་གླུ་དཀྲོལ་གཏོང་དང་མྱ་ངལ་མཛད་སྒོའི་རྗེས་དྲན་གསོའི་གླིང་ཁའི་འཆར་འགོད་པ་པའོ་ལོ་ མོ་ཏོ་ཁེ་དང་འདས་པོའི་ཁྱིམ་མིས་འདས་པོའི་མིང་རེ་རེ་བྱས་ཀློག་པ་དང་མིང་ཀློག་ཐེངས་རེ་རེར་ཅོང་སྒྲ་ཐེངས་གཉིས་གྲག་ནས་ཁོང་ཚོར་དྲན་གསོ་ཞུས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རྣམ་རྒྱལ།