ཨ་ཧྥུ་ཀ་ནི་སི་ཐན་ཤར་རྒྱུད་དུ་རང་ལྕེབ་རྣམ་པའི་འབར་མདེལ་འཇབ་རྒོལ་གྱི་དོན་རྐྱེན་ཐོན་ནས་མི་༡༩རྐྱེན་ལམ་དུ་ཤོར་བ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༡ཉིན་ཨ་ཧྥུ་ཀ་ནི་སི་ཐན་ཤར་རྒྱུད་ཀྱི་ནན་ཀེ་ཧའར་མངའ་སྡེར་རང་ལྕེབ་རྣམ་པའི་འབར་མདེལ་གྱི་འཇབ་རྒོལ་ཐོན་ནས། ཉུང་མཐར་ཡང་མི་༡༩རྐྱེན་ལམ་དུ་ཤོར་བ་དང་། མི་༥༧ལ་རྨས་སྐྱོན་བཟོས་ཡོད་པ་རེད། འཇབ་རྒོལ་ཕོག་ས་དེ་མངའ་སྡེ་དེའི་མོ་མོ་ཏེ་ད་ལ་ས་ཁུལ་གྱི་གཞུང་ལམ་ཞིག་གི་ཉེ་འཁོར་དུ་ཡིན་ཞིང་། འཇབ་རྒོལ་གྱི་དམིགས་འབེན་ནི་ཉིན་དེར་ས་ཡུལ་དངོས་སུ་འདུ་འཛོམས་བྱེད་སྒོར་ཞུགས་མཁན་གྱི་མི་ཚོགས་ཡིན་པ་རེད།

ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་ཚོགས་པས་བསྡོམས་རྩིས་བྱས་པའི་གྲངས་གཞི་ལ་གཞིགས་ན། ད་ལོའི་སྤྱི་ཟླ་དང་པོ་ནས་དྲུག་པའི་བར། ཨ་ཧྥུ་ཀ་ནི་སི་ཐན་རིགས་ཁག་གི་དྲག་ཆས་གདོང་ཐུག་དང་རྩུབ་སྤྱོད་དོན་རྐྱེན་གྱིས་མི་སེར་ཁྱོན་༥༡༢༢ཤི་རྨས་བཟོས་ཡོད་པ་དང་། དེའི་ནང་མི་༡༦༩༢རྐྱེན་ལམ་དུ་ཤོར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།