ཕྱི་འབྲེལ་པུའི་མགྲིན་ཚབ་པས་བྱང་ཁོ་རེ་ཡ་དང་ཨ་རི་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུགས་འཕྲད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཕྱི་འབྲེལ་པུའི་མགྲིན་ཚབ་པ་གང་ཧྲོང་གིས་སྤྱི་ཚེས་༡༡བྱང་ཁོ་རེ་ཡ་དང་ཨ་རིས་འགོ་ཁྲིད་པའི་ཐུགས་འཕྲད་ཐེངས་གཉིས་པའི་མཐུན་སྦྱོར་དང་བཀོད་སྒྲིག་བྱེད་ཚུལ་སྐོར་གླེང་སྐབས། ཀྲུང་གོའི་ཕྱོགས་ནས་བྱང་ཁོ་རེ་ཡ་དང་ཨ་རི་ཕྱོགས་གཉིས་པོས་མཉམ་སྒུལ་ཧུར་ཐག་བྱས་པར་དགའ་འཚོར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་དང་བྱང་ཁོ་རེ་ཡ་དང་ཨ་རི་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུགས་འཕྲད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་མ་ཟད་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུལ་ཁ་ཕྱོགས་གཅིག་གི་ཕྱོགས་སུ་སྐྱོད་དགོས་ཀྱི་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།