ན་མི་པི་ཡའི་ལས་རིགས་ཁག་གིས་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིན་དབུ་ཚོགས་ཀྱི་གྲུབ་འབྲས་ལ་གྲོས་སྡུར་ཚ་ཚ་འུར་འུར་བྱེད་ཀྱི་ཡོད་པ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འདི་ཟླའི་ཟླ་སྟོད་དུ་ལེགས་གྲུབ་ལྡན་པའི་ངང་གཉེར་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མཉམ་ལས་གླེང་སྟེགས་པེ་ཅིན་དབུ་ཚོགས་ལ་ན་མི་པི་ཡའི་ལས་རིགས་ཁག་གིས་དོ་ཁུར་ཆེན་པོ་བྱས་ཡོད་པ་རེད། ན་མི་པི་ཡའི་ཕྱོགས་ཁག་ནས་ཡོངས་ཁྱབ་ཏུ། ཐེངས་འདིའི་དབུ་ཚོགས་ལ་གྲུབ་འབྲས་གཡུར་ཏུ་ཟ་བ་ཐོབ་པ་དང་ཚོགས་འདུའི་ཐོག་བཏོན་པའི་ཨ་ཧྥེ་རི་ཁ་གླིང་ལ་འཛིན་པའི་སྲིད་ཇུས་རབ་དང་རིམ་པས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་ལ་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་རྒྱུ་དང་ལྷག་དོན་དུ་ན་མི་པི་ཡ་དང་ཀྲུང་གོའི་མཉམ་ལས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་འདུག

ན་མི་པི་ཡའི་ཙུང་ཐུང་ཀེན་ཀོ་པུས་སྤྱི་ཚེས་༡༠ཉིན་སྐོང་འཚོགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ན་མི་པི་ཡས་ཀྲུང་གོ་དང་མཉམ་ལས་བྱས་ནས་དཔལ་འབྱོར་འཕར་སྣོན་མགྱོགས་པོ་འགྲོ་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གོང་འཕེལ་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་དང་ཁོང་གིས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཐོག་བཙུགས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རོགས་པའི་འབྲེལ་བ་བརྒྱུད་ང་ཚོ་དར་རྒྱས་ཀྱི་མ་འོངས་པའི་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད་ཅེས་གསུངས་འདུག

ན་མི་པི་ཡའི་ནོར་སྲིད་པུའུ་ཀྲང་ཧྲེ་ལེའི་ཐེ་ཝེ་དབྱིན་གྱིས། ན་མི་པི་ཡ་དང་ཀྲུང་གོའི་མཉམ་ལས་ཁག་གཙོ་བོ་མ་འོངས་པའི་ལོ་ལྔའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ནང་གཅིག་འདུས་བྱས་ཡོད་པ་དང་དེའི་ནང་རྒྱལ་སའི་གནམ་གྲུ་ཐང་སྒྱུར་བཀོད་དང་གནམ་གྲུ་ཐང་བར་གྱི་གཞུང་ལམ་འཛུགས་སྐྲུན་སོགས་རྣམ་གྲངས་ཚུད་ཡོད་ཅེས་བསྟན་འདུག

ན་མི་པི་ཡ་སློབ་ཆེན་ཆབ་་སྲིད་རིག་པའི་དགེ་རྒན་ལི་ལུ་ཨ་ཁོས། མ་འོངས་པར་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཁག་གིས་མུ་མཐུད་ཀྲུང་གོ་དང་སྐད་ཆ་ཤོད་རེས་བྱས་ནས་ཕྱོགས་གཉིས་པོའི་གལ་ཆེའི་འབྲེལ་བ་དེར་ཤུགས་སྣོན་བརྒྱབ་ཐོག་ཀྲུང་གོའི་དཔལ་འབྱོར་དང་ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་ལ་ཕན་པ་སྐྲུན་རྒྱུ་ཡིན་པའི་ངོས་འཛིན་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།