ཕ་རི་སིར་མི་ལ་གྲི་བརྒྱབ་པའི་དོན་རྐྱེན་ཐོན་ནས་མི་༧ལ་རྨས་སྐྱོན་ཕོག་པ།
སྤེལ་བའི་དུས་ཚོད། : 2018-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༠ཉིན་ཧྥ་རན་སིའི་སྨྱན་སྦྱོར་ལས་རིགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ཚེ། སྤྱི་ཚེས་༩ཉིན་གྱི་དགོང་མོ སྐྱེས་པ་ཞིག་གིས་ཕ་རི་སིའི་ཁུལ་༡༩ར་གྲི་འཁྱེར་ནས་མིར་གང་བྱུང་དུ་གྲི་བརྒྱབ་སྟེ་མི་བདུན་ལ་རྨས་སྐྱོན་བཟོས་པ་དང་དེའི་ནང་གི་མི་བཞིར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད། མིག་སྔར་དེ་ནི་འཇིགས་སྐུལ་འཇབ་རྒོལ་ཡིན་པའི་དཔང་རྟགས་མེད་པ་རེད། སྤྱི་ཚེས་༡༠ཉིན་ཕ་རི་སིའི་ཁུལ་༡༩པའི་འགོ་འཛིན་ཧྥ་རང་སོ་ཝ་ ཟླ་ནི་ཨའོ་ཡིས་ཐུའི་ཐེ་དྲ་བ་བརྒྱུད་ད་ཐེངས་ཀྱི་འཇབ་རྒོལ་དོན་རྐྱེན་དེ་ར་སྤྲོད་གནང་བ་དང་གང་མགྱོགས་གནས་ཚུལ་དངོས་ལ་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།