མོང་གོལ་གྱིས་པེ་ཅིང་སོགས་སུ་ཉོ་ཚོང་འཐུས་མི་ཁྲུའུ་འཛུགས་བརྩིས་ཡོད་པ།
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༨ཉིན་མོང་གོལ་གྱི་ཕྱི་འབྲེལ་པུའུ་ཀྲང་ཁྲའོ་ཀེ་ཐེ་པ་ཐེར་གྱིས། མོང་གོལ་གྱིས་འཆར་གཞི་བྱས་ན་སྤྱི་ལོ་༢༠༡༨ལོ་ནས་སྤྱི་ལོ་༢༠༢༣ལོའི་བར་ཉོ་ཚོང་རོགས་པ་གཙོ་བོའི་རྒྱལ་ཁབ་དང་ས་ཁུལ་དུ་དུས་མཚམས་དང་ཁག་དབྱེ་སྟེ་འཐུས་མི་ཁྲུའུ་འཛུགས་ནས། ཟམ་མི་ཆད་པར་གོང་འཕེལ་འགྲོ་བའི་ཕྱི་ཕྱོགས་ཉོ་ཚོང་འགྲོ་འོང་དང་མཚམས་པ་བྱ་རྒྱུའི་ཁྱབ་བསྒྲགས་གནང་ཡོད། འཆར་གཞིར་གཞིགས་ན། མོང་གོལ་སྲིད་གཞུང་གིས་སྤྱི་ལོ་༢༠༡༨ལོ་ནས་སྤྱི་ལོ་༢༠༡༩ལོའི་བར་སྔོན་ལ་པེ་ཅིང་དང་ཨུ་རུ་སུའི་ཧྥུ་ལ་ཏི་ཨོ་སི་ཐོ་ཁེ། ལྗར་པན་གྱི་ཐོ་ཁེའུ་བཅས་སུ་ཉོ་ཚོང་འཐུས་མི་ཁྲུའུ་འཛུགས་རྒྱུ་ཡིན་པ་རེད། ཁྲའོ་ཀེ་ཐེ་པ་ཐེར་གྱིས། མོང་གོལ་གྱི་དཔལ་འབྱོར་གོང་འཕེལ་ཕྱིན་པ་དང་བསྟུན་ནས། ད་དུང་སྤྱི་ལོ་༢༠༢༠ལོ་ནས་སྤྱི་ལོ་༢༠༢༣ལོའི་བར་ཀྲུང་གོའི་ཐན་ཅིང་དང་། ཨུ་རུ་སུའི་མོ་སུ་ཁོ། དེ་བཞིན་ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་པུའུ་གནས་སའི་པུ་ལུ་སེར་སོགས་གལ་ཆེའི་ཉོ་ཚོང་རོགས་པའི་རྒྱལ་ཁབ་དང་ས་ཁུལ་གྱི་གྲོང་ཁྱེར་ལ་མོང་གོལ་གྱི་ཉོ་ཚོང་འཐུས་མི་ཁྲུའུ་འཛུགས་རྒྱུ་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།