ལྷོ་ཁོ་རེ་ཡ་སྲིད་གཞུང་གིས་ལྷོ་བྱང་ཁོ་རེ་ཡའི་མཐོ་རིམ་གྲོས་མོལ་དེ་གཟའ་འཁོར་རྗེས་མར་པན་མོན་ཏེན་གྱི་བྱང་ཁོ་རེ་ཡའི་ཕྱོགས་ཀྱི་གཅིག་གྱུར་ཁང་དུ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༩ཉིན་ལྷོ་ཁོ་རེ་ཡའི་གཅིག་གྱུར་པུས། ལྷོ་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོས་འདི་ཟླའི་ཚེས་༡༣ཉིན་པན་མོན་ཏེན་གྱི་བྱང་ཁོ་རེ་ཡའི་ཕྱོགས་ཀྱི་གཅིག་འགྱུར་ཁང་དུ་མཐོ་རིམ་གྲོས་མོལ་བྱས་ཏེ། པན་མོན་ཏེན་བསྒྲགས་གཏམ་ལག་བསྟར་བྱ་རྒྱུའི་ཇུས་གཞིའི་ཐད་གྲོས་སྡུར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ལྷོ་ཁོ་རེ་ཡའི་གཅིག་གྱུར་པུས་གནས་ཚུལ་སྤེལ་ཏེ། བྱང་ཁོ་རེ་ཡས་ཉིན་དེ་གའི་སྔ་དྲོ་ལྷོ་ཁོ་རེ་ཡར་སྤྱི་ཚེས་༡༣ཉིན་མཐོ་རིམ་གྲོས་མོལ་བྱ་རྒྱུའི་གྲོས་འགོ་བཏོན་ནས། པན་མོན་ཏེན་བསྒྲགས་གཏམ་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱ་རྒྱུ་དང་། ལྷོ་བྱང་ཁོ་རེ་ཡའི་དབུ་ཁྲིད་མི་སྣའི་མཇལ་འཛོམས་ཀྱི་གྲ་སྒྲིག་ལས་ཀའི་འབྲེལ་ཡོད་གནད་དོན་ཐད་གྲོས་མོལ་བྱ་རྒྱུ་ཡིན། ལྷོ་ཁོ་རེ་ཡས་གྲོས་འགོ་དེ་དང་ལེན་བྱ་རྒྱུ་ཡིན་ཞེས་བཤད་ཡོད། ལྷོ་ཁོ་རེ་ཡའི་གཅིག་གྱུར་པུའི་པུའུ་ཀྲང་ཀྲའོ་མིང་ཅུན་དབུ་བཞུགས་སྐུ་ཚབ་ཡིན་པའི་ངོས་ནས་ཚོགས་པའི་སྣེ་ཁྲིད་དེ་ད་ཐེངས་ཀྱི་མཐོ་རིམ་གྲོས་མོལ་ལ་ཞུགས་རྒྱུ་དང་། ད་ཐེངས་གྲོས་མོལ་བརྒྱུད་ལྷོ་བྱང་ཁོ་རེ་ཡའི་བར་པན་མོན་ཏེན་བསྒྲགས་གཏམ་ལག་བསྟར་བྱེད་པའི་ཇུས་གཞིར་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་གཏིང་ཟབ་བྱ་རྒྱུ་མ་ཟད། ལྷོ་བྱང་ཁོ་རེ་ཡའི་དབུ་ཁྲིད་མི་སྣའི་མཇལ་འཛོམས་གནང་རྒྱུའི་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།