ཨུ་རུ་སུས་ཨ་རིའི་བཀག་སྡོམ་གསར་པར་དམིགས་ནས་དེ་བསྟུན་གྱི་ལན་ཆའི་བྱ་ཐབས་ལ་ཞིབ་འཇུག་བྱུ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཨ་རིས་བཀག་སྡོམ་བྱ་རྒྱུར་དམིགས་ནས་ཨུ་རུ་སུས་དེ་བསྟུན་གྱི་ལན་ཆའི་བྱ་ཐབས་ལ་ཞིབ་འཇུག་བྱེད་བཞིན་ཡོད། ཨུ་རུ་སུར་རྣམ་པ་གང་རུང་གི་བཀག་སྡོམ་ཕོག་ཚེ་དེ་བསྟུན་གྱི་ལན་ཆའི་བྱ་ཐབས་སྤྱོད་རྒྱུ་ཡིན་པ་རེད། ཀྲ་ཧ་ལོ་ཝས། ཨ་རིས་རྫས་འགྱུར་མཚོན་ཆ་སྤྱད་པའི་དོགས་པ་ཡོད་པའི་ཁ་གཡར་ཏེ་ཨུ་རུ་སུར་གཞི་འཛིན་ས་གང་ཡང་མེད་པའི་བཀག་སྡོམ་བྱ་རྩིས་ཡོད། དེ་དང་དུས་མཚུངས་ཨ་རི་སྲིད་གཞུང་གིས་ཨུ་རུ་སུ་དང་ཨ་རིའི་བར་གྱི་འབྲེལ་བ་ལེགས་སུ་གཏོང་རྒྱུའི་ཐད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་ཡོད། དེ་ནི་མངོན་སུམ་འཛེམས་མེད་ཀྱི་གཡོ་སྒྱུའི་བྱེད་སྟངས་ཞིག་ཡིན་ཞེས་དང་། ཁོང་གིས། ཨ་རིས་ཨུ་རུ་སུར་བཀག་སྡོམ་གསར་པ་བྱེད་རྩིས་བྱས་པ་དེ་ཨུ་རུ་སུའི་དེ་སྔའི་གསང་འཕྲིན་མི་སྣ་སི་ཁེ་ལི་ཕར་དང་ཁོ་པའི་བུ་མོར་དབྱིན་ཇིར་དུག་ཕོག་པའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་པའི་ལས་ཀར་ཐད་ཀར་གནོན་ཤུགས་སྤྲད་པ་ཞིག་ཡིན་ཞེས་གསུངས་ཡོད། ཀྲ་ཧ་ལོ་ཝས། ཨུ་རུ་སུ་དང་ཨ་རིའི་ཕྱོགས་གཉིས་འབྲེལ་བ་ཇེ་སྡུག་ཏུ་འགྲོ་སྲིད་པའི་བྱེད་སྟངས་གང་རུང་ནི་ཨུ་རུ་སུའི་གདམ་ག་མིན་ཞེས་ནན་བཤད་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།