ལྗར་པན་ཁྲང་ཆིས་རྡུལ་ཕྲན་མཚོན་ཆའི་འབར་གས་བྱས་ནས་ལོ་༧༣འཁོར་བའི་དྲན་གསོའི་མཛད་སྒོ་གཉེར་བ།
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༩ཉིན་ལྗར་པན་ཁྲང་ཆི་གྲོང་ཁྱེར་གྱིས་ཞི་བདེའི་སྤྱི་གླིང་དུ་རྡུལ་ཕྲན་མཚོན་ཆ་འབར་གས་བྱས་ནས་ལོ་༧༣འཁོར་བའི་དྲན་གསོའི་མཛད་སྒོ་གཉེར་ཡོད། ཁྲང་ཆི་གྲོང་ཁྱེར་གྱི་གྲོང་སྤྱི་ཐན་ཧྲང་ཧྥུ་ཅིའུ་ཡིས་ཞི་བདེའི་བསྒྲགས་གཏམ་སྤེལ་ནས། ལྗར་པན་གྱི་རྩ་ཁྲིམས་ནི་ཞི་བདེའི་རིང་ལུགས་ལ་གཡོ་འགུལ་གཏོང་ཐབས་བྲལ་བའི་གལ་ཆེའི་ཀ་རྟེན་ཡིན། རེ་བར་ལྗར་པན་གྱི་མི་རབས་རྗེས་མས་དམག་འཁྲུག་མི་སློང་བའི་ཞི་བདེའི་རྩ་ཁྲིམས་ཀྱི་དགོངས་པ་དེ་རྒྱུད་འཛིན་བྱ་དགོས་ཞེས་གསུངས་ཡོད། དྲན་གསོའི་མཛད་སྒོ་དེ་ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་༡༠དང་སྐར་མ་༤༠ནས་འགོ་ཚུགས་པ་དང་། རྡུལ་ཕྲན་མཚོན་ཆ་འབར་གས་བྱས་པའི་ཁྲོད་ཀྱི་འདས་པོའི་ཁྱིམ་མི་དང་ཁྲང་ཆི་གྲོང་ཁྱེར་གྱི་གྲོང་མི། རྒྱལ་སྤྱིའི་སྡེ་ཁག དེ་བཞིན་རྒྱལ་ཁབ་༧༡གི་འཐུས་མི་སོགས་མི་༥༠༠༠ལྷག་ཙམ་མཛད་སྒོར་ཞུགས་ཡོད། ལྗར་པན་གྱི་དབུ་བཞུགས་བློན་ཆེན་ཨན་ཕེའི་ཅིན་སན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་དྲན་གསོའི་མཛད་སྒོར་ཞུགས་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།