ཨ་རིའི་རྒྱལ་དོན་ཁང་གིས་ཨུ་རུ་སུའི་དེ་སྔའི་གསང་མྱུལ་དུག་ཕོག་དོན་གཞིའི་རྐྱེན་པས་ཨུ་རུ་སུར་བཀག་སྡོམ་ཕོག་རྒྱུ་རེད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-08-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༨ཉིན། ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པ་ནོར་ཐེས། ད་ལོའི་སྤྱི་ཟླ་གསུམ་པར་ཨུ་རུ་སུའི་དེ་སྔའི་གསང་མྱུལ་ལ་དབྱིན་ཇིར་དུག་ཕོག་པའི་དོན་གཞིའི་རྐྱེན་པས་ཨ་རིས་ཨུ་རུ་སུར་བཀག་སྡོམ་བྱེད་རྒྱུ་རེད་ཅེས་བསྟན་འདུག

ནོར་ཐེས་ཉིན་དེ་རང་ལ་གསལ་བསྒྲགས་སྤེལ་བའི་ནང་། ཨུ་རུ་སུའི་གསང་འཕྲིན་མི་སྣ་སི་ཁེ་ལི་ཕར་དང་ཁོའི་བུ་མོར་དབྱིན་ཇིར་ནོ་ཝེ་ཆའོ་ཁེ་ཞེས་པའི་ཀླད་སྐྱོན་དུག་རྫས་ཕོག་རྗེས་ཨ་རིས་སྤྱི་ཟླ་༨ཚེས་༦ཉིན་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་ཁབ་འགལ་བྱས་ནས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བཏང་བའམ་རྒྱལ་ཁབ་གཞན་དག་གི་སྤྱི་དམངས་ལ་སྲོག་སྐྱོན་གཏོང་བའི་རྫས་འགྱུར་མཚོན་ཆ་བེད་སྤྱོད་བཏང་བ་གཏན་འཁེལ་བྱས་ཡོད་ཅེས་འཁོད་འདུག

གསལ་བསྒྲགས་ནང་། འབྲེལ་ཡོད་བཀག་སྡོམ་སྤྱི་ཟླ་༨ཚེས་༢༢ཉིན་གྱི་སྔ་རྗེས་སུ་གོ་ཆོད་རྒྱུ་རེད་ཅེས་བསྟན་ཡོད་པ་དང་གསལ་བསྒྲགས་ནང་ཞིབ་ཕྲའི་བཀག་སྡོམ་ནང་དོན་གསལ་བཤད་བྱས་མེད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།