དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་ཀ་ཧྲ་ས་ཁུལ་གྱི་ཧ་མ་སིའི་དམིགས་འབེན་འབར་གཏོར་བྱས་པ།
སྤེལ་བའི་དུས་ཚོད། : 2018-08-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་སྤྱི་ཚེས་༨ཉིན་གྱི་དགོང་མོ་ཀ་ཧྲ་ས་ཁུལ་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིའི་དམིགས་འབེན་༡༢ལ་འབར་གཏོར་བྱས་ནས་ཧ་མ་སིས་དབྱི་སི་རལ་ལྷོ་ངོས་ལ་མེ་ཤུགས་འཕུར་མདེལ་དང་གནམ་བླུགས་མེ་སྒྱོགས་འཕེན་པར་ལན་སློག་ཡོད་པ་རེད། ཕ་ལི་སི་ཐན་ཕྱོགས་ཀྱིས་འབར་གཏོར་བྱས་པའི་ནང་ཕ་ལི་སི་ཐན་བ་༡རྐྱེན་ལམ་དུ་ཤོར་བ་དང་མི་དྲུག་ལ་རྨས་སྐྱོན་ཕོག་ཡོད་པ་རེད་ཅེས་བཤད་འདུག

དབྱི་སི་རལ་རྒྱལ་སྲུང་དམག་གིས་ཉིན་དེ་རང་གི་དགོང་མོ་གསལ་བསྒྲགས་སྤེལ་བའི་ནང་། ད་ཐེངས་འབར་གཏོར་བྱས་པའི་ཧ་མ་སིའི་དམིགས་འབེན་ནང་བཟོ་གྲ་ཞིག་དང་ཀ་ཧྲ་ཡི་མཚོ་གྲམ་དུ་གནས་པའི་ས་འོག་ཕུག་ལམ་ཞིག དེ་བཞིན་མེ་ཤུགས་འབར་མདེལ་སོགས་མཚོན་ཆ་བཟོ་བའི་སྒྲིག་ཆས་སོགས་ཚུད་ཡོད་པ་རེད་ཅེས་བཤད་འདུག

གཞན་ཡང་དབྱི་སི་རལ་གསར་འགྱུར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། དབྱི་སི་རལ་གྱི་མི་སེར་ཉུང་ཐར་ཡང་དྲུག་ཧ་མ་སིའི་མེ་ཤུགས་འབར་མདེལ་དང་གནམ་བླུགས་མེ་སྒྱོགས་ཀྱི་འཇབ་རྒོལ་ནང་རྨས་སྐྱོན་ཕྲན་བུ་ཕོག་ཡོད་པ་རེད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།