སོ་ཐེས་ཁ་ན་ཏྲ་བར་གྱི་འབྲེལ་བར་ལེགས་སྒྲིག་བྱེད་རྒྱུ་བསྡད་མེད་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2018-08-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༨ཉིན། སོ་ཐེ་ཨ་རོབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེར་གྱིས། སོ་ཐེ་དང་ཁ་ན་ཏྲ་བར་གྱི་ཕྱི་འབྲེལ་འབྲེལ་བའི་དོན་རྐྱེན་ལ་མཐུན་སྦྱོར་བྱེད་རྒྱུ་བསྡད་མེད་པ་དང་སོ་ཐེས་ཁ་ན་ཏྲར་བྱ་ཐབས་སྔར་ལས་ལྷག་པ་བཟུང་རྒྱུའི་བསམ་གཞིགས་བྱེད་བཞིན་ཡོད་ཅེས་བཤད་འདུག

ཀྲུའུ་པེར་གྱིས་ཉིན་དེ་རང་ལ་ལི་ཡ་ཏེར་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག ཁ་ན་ཏྲས་ནོར་འཁྲུལ་ཚབས་ཆེན་པོ་ཤོར་ཡོད་པ་དང་ནོར་འཁྲུལ་དེ་ཡོ་བསྲང་བྱེད་དགོས་ཀྱི་ཡོད། ཨོ་ཐེ་ཧྭ་ཡིས་གང་འདྲ་བྱས་ནས་ནོར་འཁྲུལ་ཡོ་བསྲང་བྱེད་དགོས་པ་ཤེས་ཀྱི་ཡོད་ཅེས་དང་ཁོང་གིས་ད་དུང་དོན་དེ་མཐུན་སྦྱོར་བྱེད་རྒྱུ་བསྡད་མེད། སོ་ཐེས་ཁ་ན་ཏྲར་བྱ་ཐབས་སྔར་ལས་ལྷག་པ་བཟུང་རྒྱུར་བསམ་གཞིགས་བྱེད་བཞིན་ཡོད་ཅེས་བཤད་འདུག

སྤྱི་ཚེས་༦ཉིན་ཁ་ན་ཏྲའི་ཕྱི་འབྲེལ་པུའུ་ཀྲང་ཧྥུ་ལི་ལན་གྱིས། ཁ་ན་ཏྲས་སོ་ཐེར་བཟུང་བའི་ཕྱི་འབྲེལ་ལངས་ཕྱོགས་དོར་མི་སྲིད་ཅེས་བཤད་འདུག དབྱིན་ཇིའི་གསར་འགྱུར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ན་ཏྲས་དབྱིན་ཇི་སོགས་རྒྱལ་ཁབ་ལ་རྩོད་གཞི་ཐག་གཅོད་བྱེད་རོགས་ཞུས་ནས་སོ་ཐེའི་བར་གྱི་ཛ་དྲག་འབྲེལ་བ་ཡག་ཏུ་གཏོང་རྩིས་བྱེད་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།