དབྱིན་ཇི་སྲིད་གཞུང་གིས་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི་ཐབས་ཇུས་གསར་པ་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ།སྤྱི་ཚེས་༡༢ཉིན། དབྱིན་ཇི་སྲིད་གཞུང་གིས་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་ཁ་བྲལ་རྒྱུའི་ཐབས་ཇུས་གསར་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་སྟེ། དབྱིན་ཇིས་ཡོ་རོབ་མནའ་འབྲེལ་ལ་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ལས་ཁ་བྲལ་ཚར་རྗེས། དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱི་དངོས་ཟོག་རང་མོས་ཉོ་ཚོང་ཁུལ་འཛུགས་རྒྱུའི་གྲོས་འགོ་བཏོན་ཡོད་པ་དེ་རེད། དབྱིན་ཇིའི་གླེང་ཕྱོགས་ནས་ཡོང་ཁྱབ་ཐོག བྱ་ཐབས་དེ་ནི་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ལས་དོན་ཁུལ་བྱས་པ་ཙམ་ཡིན་པའི་གོ་བ་ལེན་གྱི་ཡོད་པ་རེད།

དབྱིན་ཇི་ཡོ་རོབ་མནའ་འབྲེལ་ལས་ཁ་བྲལ་རྒྱུའི་བྱ་དོན་བློན་ཆེན་ལ་ཕུས་ཉིན་དེ་གར། དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གྱི་འབྱུང་འགྱུར་འབྲེལ་བ་ཞེས་པ་མིང་དུ་འཁོད་པའི་བྱ་ཐབས་གསར་པ་དེས། གཅིག་ནས་དབྱིན་ཇིའི་མང་ཚོགས་ཀྱིས་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ལས་ཁ་བྲལ་རྒྱུའི་ཐད་སྤྱི་དམངས་ཀྱིས་འདེམས་ཤོག་འཕེན་པར་བརྩི་བཀུར་ཞུས་པ་ཞིག་ཡིན་ལ། ཕྱོགས་གཞན་ཞིག་ནས་རྩ་དོན་ཡོད་པ་དང་། དོན་དངོས་དང་མཐུན་ལ་ལག་བསྟར་བྱེད་ཆོག་པའི་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ལས་ཁ་བྲལ་བའི་བྱ་ཐབས་ཞིག་འཆར་འགོད་བྱས་པ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།