ཨ་རིའི་གྲོས་ཚོགས་སྨད་པས་འཕྲལ་འདོན་གྲོས་བསྡུར་བྱས་ནས་ཙུང་ཐུང་གིས་སྒོ་ཁྲལ་བསྡུ་བའི་དབང་ཆར་ཚོད་འཛིན་བྱ་རྒྱུའི་འབོད་སྐུལ་བཏང་བ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ།སྤྱི་ཚེས་༡༡་ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཚོགས་སྨད་པས་བཅུན་སྡོམ་རང་བཞིན་མིན་པའི་འཕྲལ་འདོན་གྲོས་བསྡུར་བྱས་པ་བརྒྱུད། ཨ་རིའི་ཙུང་ཐུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པ་མིང་དུ་འཁྱེར་ནས་སྒོ་ཁྲལ་བསྡུ་བའི་དབང་ཆར་ཚོད་འཛིན་བྱ་རྒྱུའི་འབོད་སྐུལ་བྱས་ཡོད་པ་རེད། གྲོས་ཚོགས་སྨད་པས་ཉིན་དེ་གར་མོས་མཐུན་ཡོད་པའི་འདེམས་ཤོག་༨༨དང་། མོས་མཐུན་མེད་པའི་འདེམས་ཤོག་༡༡གི་མཇུག་འབྲས་ཐོག་ནས་འཕྲལ་འདོན་གྲོས་བསྡུར་དེ་མཇུག་སྒྲིལ་ཡོད་པ་རེད།

དབྱེ་ཞིབ་མི་སྣས། གོང་གླེང་གི་བཅུན་སྡོམ་རང་བཞིན་མིན་པའི་འཕྲལ་་འདོན་གྲོས་བསྡུར་དེའི་མཚོན་དོན་ཧ་ཅང་ཆེན་པོ་ཡོད་པ་སྟེ། གྲོས་མི་མང་པོ་ཞིག་གིས། རྒྱལ་ཚོགས་ནས་སྒོ་ཁྲལ་བསྡུ་རྒྱུ་དང་སྒོ་ཁྲལ་ལ་དོ་དམ་བྱ་རྒྱུར་ནུས་པ་དེ་བས་ལྷག་པ་འདོན་སྤེལ་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡིན་ནའང་། ཐེ་རོན་ཕུ་སྲིད་གཞུང་གི་སྒོ་ཁྲལ་བསྡུ་རྒྱུའི་ཐད་ཀྱི་ཐབས་ཇུས་ལ་དོན་ངོ་མའི་ཚད་བཀག་ཐེབས་ཀྱི་མེད་པའི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།