ཐེ་རོན་ཕུས་བྱང་ཆིངས་སྒྲིག་འཛུགས་ཀྱི་མནའ་གྲོགས་རྒྱལ་ཁབ་ནས་དམག་དོན་འགྲོ་གྲོན་སྤར་ཏེ་གང་མགྱོགས་དམིགས་ཚད་ལོན་རྒྱུར་ཁས་ལེན་བྱས་ཡོད་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ།སྤྱི་ཚེས་༡༢ཉིན། བྱང་ཆིངས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་པུ་ལུ་སའེ་འར་རུ་དམག་དོན་འགྲོ་གྲོན་སྤར་རྒྱུའི་ཐད་གནས་སྐབས་ཛ་དྲག་ཚོགས་འདུ་སྐོང་འཚོགས་བྱས་ཡོད། ཚོགས་མཇུག་སྒྲིལ་རྗེས། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས། བྱང་ཆིངས་སྒྲིག་འཛུགས་མནའ་གྲོགས་རྒྱལ་ཁབ་ཀྱིས་དམག་དོན་འགྲོ་གྲོན་ཤུགས་ཆེར་སྤོར་རྒྱུ་དང་། དམག་དོན་འགྲོ་གྲོན་གྱི་གཏོང་སྒོས་རྒྱལ་ཁབ་སོ་སོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་བརྒྱ་ཆ་༢ཟིན་རྒྱུའི་དམིགས་ཚད་གང་མགྱོགས་ལག་ལེན་བྱ་རྒྱུ་རེད་ཅེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།