ཐེ་ལན་ནས་ཕུ་ཅིའི་གླིང་ཕྲན་གྱི་ཡུལ་སྐོར་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་གྱི་གུན་གསབ་དངུལ་སྤྲོད་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ།སྤྱི་ཚེས་༡༢ཉིན་གྱི་ཉིན་གུང་། ཐེ་ལན་སྲིད་གཞུང་དཔོན་རིགས་ཀྱིས་ཕུ་ཅི་གླིང་ཕྲན་གྱི་ཡུལ་སྐོར་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་གྱི་མྱུར་སྐྱོབ་གནས་ཚུལ་ཁྱབ་བསྒྲགས་བྱེད་པའི་ཚོགས་འདུའི་ཐོག ཐེ་ལན་སྲིད་གཞུང་དང་འགན་བཅོལ་ཀུང་སིས་དེ་ཉིན་ཕྱི་དྲོ་ནས་འགོ་ཚུགས་ཏེ་རྐྱེན་ལམ་དུ་ཤོར་མཁན་གྱི་གཉེན་ཉེ་དང་། དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཡུལ་སྐོར་མི་སྣར་གུན་གསབ་དངུལ་དང་གུན་འཇལ་དངུལ་སྤྲོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད།

ཐེ་ལན་གྱི་ཡུལ་སྐོར་དང་ལུས་རྩལ་པུའི་པུའུ་ཀྲང་གཞོན་པ་ཚེ་ཀྲང་བེང་པོ་ནུས། ད་ཐེངས་ཀྱི་དོན་རྐྱེན་དེས་མི་སེམས་ལ་ཕོག་རྡུང་ཤུགས་ཆེན་བཏང་ཡོད་པས། ཐེ་ལན་སྲིད་གཞུང་ནས་ཐེ་ལན་གྱི་སྒོར་མོ་བྱེ་བ་༦དང་ས་ཡ་༤ སྟེ་མི་དམངས་ཤོག་སྒོར་དུ་ཕབ་ན་སྒོར་བྱེ་བ་གཅིག་དང་ས་ཡ་༢དང་བརྒྱད་འབུམ་༣ཁྲི་ཙམ་བཏང་ནས། ཕྱི་རྒྱལ་ནས་ཕེབས་པའི་ཡུལ་སྐོར་བ་ཚོར་གུན་གསབ་དུ་འབུལ་རྒྱུ་ཡིན། གུན་གསབ་དེ་འདས་གྲོང་སོང་བའི་མི་སྣའི་ཁྱིམ་མི་དང་རྨས་སྐྱོན་ཕོག་པའི་མི་སྣར་སྤྲོད་རྒྱུ་དང་། འགན་བཅོལ་ཀུང་སིས་ཀྱང་དུས་མཚུངས་སུ་གུན་འཇལ་དངུལ་སྤྲོད་རྒྱུ་ཡིན། འདས་གྲོང་དུ་སོང་བའི་མི་རེར་གུན་གསབ་ཐེ་ལན་གྱི་སྒོར་མོ་ས་ཡ་༢དང་ཆིག་འབུམ་སྟེ། མི་དམངས་ཤོག་སྒོར་དུ་ཕབ་ན་༤འབུམ་༢ཁྲི་འཇལ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།