ཐེ་རོམ་ཕུས་བྱང་ཆིངས་སྒྲིག་འཛུགས་ཀྱི་རྒྱལ་ཁབ་ཀྱིས་འགོག་སྲུང་གཏོང་འགོ་མང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིའི་ཙུང་ཐུང་ཐེ་རོམ་ཕུས་སྤྱི་ཚེས་11ཉིན། བྱང་ཆིངས་སྒྲིག་འཛུགས་ཀྱི་བྱང་རྒྱལ་ཁབ་ཀྱིས་འགོག་སྲུང་གཏོང་འགོ་རྒྱལ་ཁབ་སོ་སོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་ཚད་བརྒྱ་ཆ་གཉིས་བར་འཕྲལ་མར་མཐོ་རུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད། ཐེ་རོམ་ཕུས་དེ་ཉིན་པུ་རུ་སིར་བྱང་ཆིངས་སྒྲིག་འཛུགས་ཀྱི་དབུ་ཚོགས་ལ་ཞུགས་རིང་སྤྱི་ཚོགས་འབྲེལ་གཏུགས་སྨྱན་སྦྱོར་ཐོག བྱང་ཆིངས་སྒྲིག་འཛུགས་ཀྱི་རྒྱལ་ཁབ་ཁག་གིས་ངེས་པར་དུ་འགོག་སྲུང་གཏོང་བགོས་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་བརྒྱ་ཆ་གཉིས་བར་འཕྲལ་མར་མཐོ་རུ་གཏོང་དགོས་ཞེས་གསུངས་པ་དང་། ཁོང་གིས་མིག་སྔར་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་29ཁྲོད་རྒྱལ་ཁབ་ལྔས་མ་གཏོགས་རྒྱལ་ཁབ་ཀྱི་ཚད་གཞི་དེ་ལོན་མེད་ཅེས་གསུངས་ཡོད།

དེ་ཉིན་སྔ་དྲོར། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སང་ཏེ་སིས་གསལ་བསྒྲགས་སྤེལ་བར། ཐེ་རོམ་ཕུས་མནའ་མཐུན་རྒྱལ་ཁབ་ཀྱིས་དེ་བས་མང་བའི་འགོག་སྲུང་ལས་དོན་གྱི་འགན་འཁུར་ནས་མ་མཐའ་ཡང་རྒྱལ་ཁབ་དེ་དག་གིས་ཁས་ལེན་པའི་ཆུ་ཚད་ཟིན་པ་བྱེད་དགོས་ཞེས་རེ་བ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།