འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་གནས་ཚུལ་གསར་ཤོས།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། པེ་ཅིང་གི་དུས་ཚོད་སྤྱི་ཚེས་༡༢ཉིན་གྱི་ཐོ་རེངས་སུ། སྤྱི་ལོ་༢༠༡༨ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཕྱེད་རྒྱལ་ཕམ་གྱི་ཐག་གཅོད་ཀྱི་འགྲན་བསྡུར་གཉིས་པ་མོ་སེ་ཁོའི་ལུ་རེ་ཅི་ཉིའི་ལུས་རྩོལ་ཐང་ཆེན་དུ་གཉེར་ཡོད་པ་རེད། ཁེ་རུ་ཏི་ཡའི་རུ་ཁག་གིས་འགྲན་བསྡུར་འགོ་ཚུགས་མ་ཐག་སྤོ་ལོ་གཅིག་སྟོང་ཟད་དུ་སྟོང་བའི་གནས་ཚུལ་འོག བསྡུར་གྲངས་གཅིག་པའི་གནས་སུ་རྗེད་འདེད་ཐུབ་ཡོད། ཡིན་ནའང་དུས་ཚོད་སྣོན་པའི་སྐབས་ཀྱི་དུས་མཚམས་སུ་མན་ཀྲུ་ཅི་ཆིས་རྒྱལ་ཁ་ཐོབ་པའི་སྤོ་ལོ་གཅིག་བླུགས་ཐུབ་ནས། ༢བསྡུར་༡གི་ཐོག་ནས་དབྱིན་ཀེ་ལན་རུ་ཁག་ལས་རྣམ་པར་རྒྱལ་ཡོད་པ་དང་། ལོ་རྒྱུས་ཐོག་ཐེངས་དང་པོར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཐའ་མའི་འགྲན་བསྡུར་ནང་དུ་ཚུད་ཡོད། པེ་ཅིང་གི་དུས་ཚོད་སྤྱི་ཟླ་༧པའི་ཚེས་༡༥ཉིན་གྱི་ཆུ་ཚོད་༢༣ལ། ཁེ་རུ་ཏི་ཡའི་རུ་ཁག་གིས་ཧྥ་རན་སིའི་རུ་ཁག་དང་། ད་ཐེངས་ཀྱི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཨང་དང་པོ་འགྲན་རྩོད་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།