མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ཀྱིས་བྱང་ཁོ་རེ་ཡར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཤུགས་ཆེར་བྱ་རྒྱུ་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༦ཉིན་བྱང་ཁོ་རེ་ཡར་འཚམས་འདྲི་གནང་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ཀྱི་བྱ་དོན་ལ་འགན་འཁུར་མཁན་དྲུང་ཆེ་གཞོན་པ་མ་ཁེ་ལོ་ཁོ་ཁེས་ཕོང་དབྱང་དུ། བྱང་ཁོ་རེ་ཡའི་མི་ཆོས་རིང་ལུགས་ཐད་ཀྱི་ཁྱང་ཁོངས་ལ་ཡར་རྒྱས་ཆེན་པོ་ཕྱིན་ཡོད། ཡིན་ནའང་འགྲན་རྩོད་ཀྱང་མང་པོ་འཕྲད་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཁོ་རེ་ཡར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

ལོ་ཁོ་ཁེས་ཉིན་དེར་ཕོང་དབྱང་དུ་བཅའ་སྡོད་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡི་ལས་གཉེར་ཁང་གིས་གསར་འགོད་པའི་ཚོགས་འདུ་འཚོགས་ནས་གོང་གསལ་རྣམ་འགྱུར་དེ་དག་བསྟན་ཡོད་པ་རེད། ཁོང་གིས་མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་བྱང་ཁོ་རེ་ཡའི་རོགས་སྐྱོར་ནང་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཨ་སྒོར་དུང་ཕྱུར་༡དང་བྱེ་བ་༡ཟིན་པའི་མི་ཆོས་རིང་ལུགས་ཀྱི་མ་དངུལ་ཞལ་འདེབས་རྒྱག་ཏུ་བཅུག་ནས། བྱང་ཁོ་རེ་ཡའི་བྱིས་པའི་འཚོ་བཅུད་མི་འདང་བ་དང་། བདེ་འཇགས་ཀྱི་འཐུང་ཆུ་དང་སྨན་རྫས་དཀོན་པ་སོགས་ཀྱི་གནད་དོན་ཞི་ལྷོད་དུ་གཏོང་རྒྱུ་ཚུད་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།