ཕུ་ཅིའི་ཡུལ་སྐོར་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ཐོན་རྗེས་འབྲེལ་བ་ཆད་པའི་ཡུལ་སྐོར་བ་མཇུག་ཤོས་དེའི་སྐུ་ཕུང་རྙེད་པ།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༡ཉིན་གྱི་ཕྱི་དྲོ་ཐེ་ལན་གྱི་ཅི་ཕུ་མངའ་སྡེའི་འགོ་འཛིན་ནོ་སླ་ཕ་ཡིས་ཡུལ་སྐོར་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ཐོན་རྗེས་རོགས་སྐྱོབ་གནས་ཚུལ་སྐོར་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ཐེ་ཀྲུང་གྱི་རོགས་སྐྱོབ་སྟོབས་ཤུགས་ནས་ཉིན་དེའི་ཕྱི་དྲོ་སླར་ཡང་ཕུང་པོ་གཅིག་རྙེད་པ་དང་། ཐོག་མའི་གཏན་འཁེལ་བྱས་པར་བལྟས་ན་བྱ་ཁྱུང་རྟགས་ཅན་གྱི་གྲུ་གཟིངས་ལས་རྐྱེན་ལམ་ཤོར་མཁན་རེད་ཅེས་བསྟན་ཡོད། ཕུང་པོ་དེ་རྙེད་རྗེས། ཕུ་ཅི་ཡུལ་སྐོར་གྲུ་གཟིངས་མགོ་རྟིང་ལོག་པའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་༤༧ཚང་མའི་སྐུ་ཕུང་རྙེད་ཡོད་པ་རེད།

ནོ་ལ་ཕ་ཡིས། ཉིན་དེའི་ཕྱི་དྲོ་ཐེ་ཀྲུང་རོགས་སྐྱོབ་སྟོབས་ཤུགས་ཀྱིས་ཕི་ཕི་གླིང་ཕྲན་མཚོ་ཁོངས་ནས་སྐྱེས་པའི་ཕུང་པོ་ཞིག་རྙེད་པ་མ་ཟད། ཁོང་གི་ལུས་ཐོག་ནས་མི་དམངས་ཤོག་སྒོར་དང་། གྲུ་དུག་སྨན། དེ་བཞིན་བྱ་ཁྱུང་རྟགས་ཅན་གྲུ་གཟིངས་ཀྱི་འགྲུལ་པའི་སྲོག་སྐྱོབ་གོས་དང་གཅིག་མཚུངས་གཅིག་བཅས་ཤེས་རྟོགས་ཐུབ་ཡོད་པས། ཐོག་མའི་གཏན་འཁེལ་བྱས་པར་བལྟས་ན་རྐྱེན་ལམ་དུ་ཤོར་མཁན་ནི་ཀྲུང་གོའི་འགྲུལ་པ་ཞིག་རེད་ཅེས་བསྟན་ཡོད།

ནོ་ལ་ཕ་ཡིས། མིག་སྔའི་བར་དུ། བྱ་ཁྱུང་རྟགས་ཅན་གྲུ་གཟིངས་ཐོག་གི་ཡུལ་སྐོར་བ་༨༩ཁྲོད། མི་༤༢སྐྱོབ་ཐུབ་པ་དང་། མི་༤༧རྐྱེན་ལམ་དུ་ཤོར་བ། དེའི་ཁྲོད་རྐྱེན་ལམ་དུ་ཤོར་མཁན་༤༧ཚང་མ་སུ་ཡིན་ཤེས་རྟོགས་ཐུབ་ཡོད་པ་དང་། ཀྲུང་གོའི་སྤྱི་དམངས་ཡིན་པ་ར་སྤྲོད་བྱས་ཡོད། རྐྱེན་ལམ་དུ་ཤོར་མཁན་གཅིག་གི་སྐུ་ཕུང་བྱ་ཁྱུང་རྟགས་ཅན་གྲུ་གཟིངས་ཀྱིས་སྔར་བཞིན་མཚོ་རྟིང་དུ་མནན་ནས་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།