ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཧྥི་ལི་ཕིན་དུ་ཡུལ་སྐོར་དུ་བསྐྱོད་མཁན་ཀྲུང་གོའི་སྤྱི་དམངས་ཀྱིས་གནམ་གཤིས་སྔོན་བརྡར་དོ་ཁུར་བྱ་དགོས་པའི་དྲན་སྐུལ་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༡ཉིན་ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་གཞུབ་ཚབ་ཁང་གིས་སྤྱི་བསྒྲགས་སྤེལ་ནས། ཧྥི་ལི་ཕིན་དུ་ཡུལ་སྐོར་དུ་སྐྱོད་མཁན་ཀྲུང་གོའི་སྤྱི་དམངས་ཀྱིས་གནམ་གཤིས་སྔོན་བརྡར་དོ་ཁུར་བྱས་ཏེ། དུས་ཐོག་ཏུ་འགྲོ་བསྐྱོད་བཀོད་སྒྲིག་འོས་འཚམ་བྱེད་པ་དང་། ཆར་ཆུ་འབེལ་བའི་དུས་སྐབས་སུ་ཆུ་དང་འབྲེལ་བ་ཡོད་པའི་བྱེད་སྒོ་སྤེལ་རྒྱུར་བདེ་འཇགས་ལ་དོ་ཁུར་ཆེན་པོ་བྱ་དགོས་པའི་དྲན་སྐུལ་བྱས་ཡོད། ལོ་རེའི་སྤྱི་ཟླ་༦ནས་༡༡བར། ཧྥི་ལི་ཕིན་ནུབ་རྒྱུད་ས་ཁུལ་དུ། རྒྱལ་ས་མ་ནི་ལ་ཚུད་པའི་ལུས་སུང་དའོ་གླིང་ཕྲན་དང་། དེ་བཞིན་པ་ལ་འོང་དང་། ཁྲན་ཐན་དའོ་གླིང་ཕྲན་སོགས་ཀྱི་ས་ཆ་རྣམས་ཆར་ཆུ་འབེལ་བའི་དུས་སུ་སླེབས་སྐབས་རྒྱ་མཚོའི་རླུང་འཚུབ་ཐོན་མང་བའི་དུས་ཚིགས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།