ཨ་རིའི་བཙན་གནོན་མདུན་དུ་དབྱི་རན་གྱིས་ནུས་ཤུགས་ཡོད་རྒུས་རྡོ་སྣུམ་ཕྱིར་གཏོང་བྱ་རྒྱུ་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན། དབྱི་རན་གྱི་ཙུང་ཐུང་གཞོན་པ་ཅ་ཧན་ཅི་ལིས་ཨ་རིའི་བཀག་སྡོམ་གྱིས་དབྱི་རན་གྱི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་ནའང་དབྱི་རན་གྱིས་ནུས་ཤུགས་ཡོད་རྒུས་རྡོ་སྣུམ་ཕྱིར་གཏོང་བྱེད་གང་ཐུབ་བྱ་རྒྱུ་ཡིན། ཨ་རིས་དབྱི་རན་ལ་དཔལ་འབྱོར་དམག་འཐབ་རྒྱག་པའི་རེ་ངན་བཅངས་པ་ནི་ནོར་འཁྲུལ་ཞིག་ཡིན་ཞེས་བསྟན་པ་དང་། ཅ་ཧན་ཅི་ལིས། ཨ་རིས་དབྱི་རན་ལ་དཔལ་འབྱོར་དམག་འཐབ་རྒྱག་རྒྱུའི་རེ་ངན་བཅངས་པ་མ་ཟད་གོ་སྐབས་དེ་དང་བསྟུན་ནས་དབྱི་རན་རྒྱལ་ནང་དུ་འགལ་ཟླ་བཟོ་རྩིས་བྱེད་ཀྱི་ཡོད། དབྱི་རན་ནས་ཨ་རིའི་བྱེད་སྟངས་དེ་ལྟ་བུ་ནི་ནོར་འཁྲུལ་ཡིན་པ་ཤེས་སུ་འཇུག་རྒྱུ་ཡིན། ཨ་རིས་གནོན་ཤུགས་གང་འདྲ་སྤྲད་རུང་དབྱི་རན་གྱིས་རྡོ་སྣུམ་ཕྱིར་གཏོང་མུ་མཐུད་བྱ་རྒྱུ་དང་། རྒྱལ་སྤྱིའི་ཁྲོམ་རར་རྡོ་སྣུམ་གཏོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།