སྐབས་དང་པོའི་ཀྲུང་ཨུའི་ས་གནས་མཉམ་ལས་གླེང་སྟེགས་དེ་ཨུ་རུ་སུའི་ཡེ་ཁ་ཅེ་ལིན་པའོ་གྲོང་ཁྱེར་དུ་སྐོང་འཚོགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་སྐབས་དང་པོའི་ཀྲུང་ཨུའི་ས་གནས་མཉམ་ལས་གླེང་སྟེགས་དེ་ཨུ་རུ་སུའི་ཡེ་ཁ་ཅེ་ལིན་པའོ་གྲོང་ཁྱེར་དུ་སྐོང་འཚོགས་བྱས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་ཨུའི་ས་གནས་བར་གྱི་ཤེས་རྟོགས་ཟབ་ཏུ་གཏོང་རྒྱུ་དང་གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་དེ་ཡིན་པ་རེད།

ཨུ་རུ་སུའི་དཔལ་འབྱོར་གོང་འཕེལ་པུའི་པུའུ་ཀྲང་གཞོན་པ་ཐ་ལི་པོ་ཧྥུས་ཤིས་ཚིགས་གསུང་གནང་སྐབས། ཀྲུང་གོས་མུ་མཐུད་དེ་ཨུ་རུ་སུའི་ཉོ་ཚོང་རོགས་ཟླ་ཆེ་ཤོས་ཀྱི་གནས་བབ་ཨང་དང་པོ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་དང་། ད་ལོའི་སྤྱི་ཟླ་དང་པོ་ནས་བཞི་པའི་བར་ཕྱོགས་གཉིས་ཉོ་ཚོང་གི་སྤྱི་འབོར་འཕར་སྣོན་འགྲོ་བཞིན་པ་དང་། ལོ་ཧྲིལ་པོར་ཨ་སྒོར་དུང་ཕྱུར་༡༠༠༠ལས་བརྒལ་རྒྱུའི་རེ་བ་ཡོད། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གཙོ་གཟུགས་འཐུས་མི་༢༠ལྷག་ཙམ་ཐེངས་འདིའི་ས་གནས་མཉམ་ལས་གླེང་སྟེགས་ནང་ཞུགས་པ་དང་། དེའི་ཐོག་ནས་སླར་ཡང་ཨུ་རུ་སུའི་ཕྱོགས་དང་ཀྲུང་གོའི་ཕྱོགས་ཀྱིས་གཉིས་ཕན་མཉམ་ལས་གོང་འཕེལ་གཏོང་རྒྱུར་སྤྲོ་སྣང་ཆེན་པོ་ལྡན་པ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།

གླེང་སྟེགས་ཐོག ཀྲུང་ཨུའི་འབྲེལ་ཡོད་ལས་ཁུངས་ཀྱིས་ད་དུང་ཀྲུང་ཨུའི་ཚན་རྩལ་མཉམ་ལས་ཀྱི་འབྲེལ་ཡོད་མནའ་མཐུན་འཛུགས་རྒྱུའི་ཡིག་ཆ་དང་། དེ་བཞིན་ཀྲུང་ཨུའི་བཟོ་བསྐྲུན་ཚན་རྩལ་སློབ་གླིང་གི་མནའ་འབྲེལ་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།