ཐེ་ལན་མྱུར་སྐྱོབ་མི་སྣས་ཉ་པའི་རོགས་རམ་འོག་ལ་སླར་ཡང་ཕུང་པོ་གསུམ་ཤེས་རྟོགས་བྱུང་བ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་ཐེ་ལན་ཕུ་ཅི་མངའ་སྡེའི་དཔོན་རིགས་ནུའོ་ལ་ཧྥས་མྱུར་སྐྱོབ་ལས་དོན་གནས་ཚུལ་གསར་འགོད་པར་བརྡ་ཁྱབ་གཏོང་བའི་ཚོགས་འདུའི་ཐོག ཐེ་ལན་མྱུར་སྐྱོབ་མི་སྣས་ཉ་པའི་རོགས་རམ་འོག་ལ་སླར་ཡང་ཕུང་པོ་གསུམ་ཤེས་རྟོགས་བྱུང་བ་དང་། སྤྱིའི་ཆ་ནས་མགོ་རྟིང་ལོག་པའི་གྲུ་གཟིངས་ཀྱི་རྐྱེན་ལམ་ཤོར་མཁན་ཡིན་པ་གཏན་འཁེལ་བྱས་ཆོག དེར་བརྟེན་མིག་སྔའི་ཆར་རྐྱེན་ལམ་དུ་ཤོར་བའི་མི་གྲངས་༤༥ཟིན་པ་དང་། མི་གཉིས་སྔར་བཞིན་གར་སོང་ཆ་མེད་དུ་གྱུར་ཡོད། རྐྱེན་ལམ་དུ་ཤོར་མཁན་དང་གར་སོང་ཆ་མེད་དུ་གྱུར་བ་སྤྱིའི་ཆ་ནས་ཀྲུང་གོའི་ཡུལ་སྐོར་བ་ཡིན་ཞེས་དང་།

ཁོང་གིས། ཤེས་རྟོགས་བྱུང་ས་དང་ཕུང་པོའི་ཁྱད་ཆོས་ལས་བལྟས་ཚེ། གསར་དུ་ཤེས་རྟོགས་བྱུང་བའི་ཕུང་པོ་༣པོ་དེ་ནི་ཧྥེང་ཧོང་རྟགས་ཅན་གྲུ་གཟིངས་མགོ་རྟིང་ལོག་པའི་རྐྱེན་ལམ་དུ་ཤོར་མཁན་ཡིན་པ་སྤྱིར་གཏན་འཁེལ་ཆོག་པ་དང་ཞིབ་ཕྲ་ཁྱིམ་མིས་ངོས་བཟུང་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།